| | e-texts navigator
|
291b1 ཀུར་རྫོབ་ཏུ་མངོན་གསུམ་དུ་སྐྱེས་པའི་གཟུགས་དང་ལྷའི་ཚོགས་དང་མཚན་མ་དང་རྡོ་རྗེའི་བརྡའི།། སེམས་ལས་བྱུང་བ་ལས་སེམས་ཏེ། ཟླ་བའི་སྣང་བ་དང་ཤིན་ཏུ་གསལ་བའི་ཆུའི་ཟླ་བ་ལྟ་བུའོ།། རང་བཞིན་དེ་འདོད་ཆ་གྲདང
291b2 བྲ་བ་ལ་སོགས་པའོ། ། ཀུན་རྫོབ་ཏུ་ནི་མངོན་སུམ་གྱི་བུད་མེད་དང་བྷ་ག་དང་པད་མ་དང་ལྷ་པོའི་ཚོགས་ཀྱི་བརྡའོ།། རྡོ་རྗེ་དང་པད་མ་ཡང་དག་པར་སྦྱོར་བ་ལས་ཤེས་རབ་ཀྱི་ཡེ་ཤེས་བྱུང་བ་ལས་རང་གི་རྡོ་རྗེའི་འབད་པ་ལས་མེའོ།།
291b3 མེ་ལས་ནུས་ཏེ། ནུར་ནུར་པོའི་རྣམ་པ་དང་དེ་ལས་མེར་མེར་པོ་དང་ནར་ནར་པོ་དང་གོར་གོར་པོ་དག་གོ།། དེ་ནས་འདོད་ཆགས་དང་བྲལ་བའི་སྣང་བ་ལ་ཁྲག་གི་གོང་བུ་མཁྲང་གྱུར་རྣམས་སོ།། དེ་ཁུ་བ་དང་ཁྲག་དག་གིས་སྐྱེ་བའོ།།
291b4 དེ་ནས་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་འདོད་ཆགས་སོ།། འདོད་ཆགས་ལས་འདོད་ཆགས་དང་བྲལ་བ་དང་། བར་མའི་འདོད་ཆགས་རབ་ཏུ་ཤེས་པར་བྱ་སྟེ། དེའི་ཕྱིར་ལུས་ཏེ།། ལུས་ལས་བྱུང་བའི་དཀྱིལ་དཀྲུང་བཅིང་བ
291b5 ལ་སོགས་པ་དང་། གསུང་གི་ཕྱག་རྒྱའི་ཐབས་སུ་གྱུར་པ། ཨ་ལི་ཀ་ལི་ལས་ཡང་དག་པར་བྱུང་བའི་སྔགས་དང་། སེམས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་ས་བོན་དང་མཚན་མ་ལས་ལྟར་དམིགས་པའོ།། གཟུགས་ལ་སོགས་པའི་ཡུལ་ནི
291b6 དབང་པོ་གཉིས་སྙོམས་པར་ཞུགས་པའི་ཐབས་སུ་གྱུར་པའོ། ། རྡོ་རྗེ་དང་པད་མ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ།། སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱར་བ་ནི་བདེ
291b7 ཆེན་པའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། ། དབུ་མའི་དཔེས་ཉེ་བར་མཚན་པ་སྟེ།། དེའི་ཕྱིར་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བཞིན་གཤེགས་པ་རྣམས་ནི་རྣམ་ལ་བུ་དང་ཆུ་ཟླ་དང་མིག་སེད་དང་སྡིག་ཏུ།
291b8 དང་ཟིལ་པ་དང་སྒྲ་བརྙད་དང་དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་དབང་པོའི་གཞུ་དང་གློག་དང་ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་བྱེད་པ
iiif viewer powered by OpenSeadragon
291a - 292a