| | e-texts navigator
|
291a1 དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཅད་མི་སྨྲ་བར་འདུག་པ་མཐོང་ནས་བཀའ་སྩལ་པ། རིགས་ཀྱི་ཀུ་མི་ཕྱིར
291a2 ཅང་མི་སྨྲ་བར་གྱུར་པས་འདྲག། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ་གཏུགས་ནས་གཞན་ཡང་ཞུས་པ།། ཨེ་མའོ་སྟོན་པརྟོགས་པར་དཀའ་བ་རྣམ
291a3 པ་ཤེས་པ་གསུམ་གྱི་དབྱེ་བ་མཆོག་ཏུ་ཟབ་པ་བཅོམ་ལྡན་འདས་བཤད་དུ་གསོལ། ། བདེ་བར་གཤེགས་པ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འོད་གསལ་བ་ལས་བྱུང་བ་རྣམ་པར་ཤེས
291a4 པ་དེ་ཉིད་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་ལ། དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་དེ་ལས་རྟོག་པ་གཉིས་སུ་གྱུར་ཏེ་བདག་ང་གཞན་དག་ཏུའོ།། རྣམ
291a5 པར་ཤེས་པ་དེའི་བཞོན་པ་རླུང་ངོ་དོ། ། རླུང་ལ་མེའོ།། མེ་ལས་ཆུའོ།། ཆུ་ལས་སའོ།། དེ་རྣམས་ལས་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་ཡུལ་ལྔ་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་ཤེས་པ་རླུང་དང་འདྲེས་པའོ།། དེ་ནས་རྣམ
291a6 པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རབ་ཏུ་གསལ་བར་སྤྱོད་པ་རྗེས་སུ་མྱོང་བར་བྱེད་དེ། ། སྣང་བའི་རྒྱུས་རང་བཞིན་རྣམས་ཡང་དག་པར་འབྱུང་ངོ་།། དེ་ལ་འོད་གསལ་བ་གནས་པ་མེད་པ། འགག་པ
291a7 མེད་པ། སྐྱེ་བ་མེད་པ། དོན་དམ་པའི་བདེན་པ། ཡང་དག་པའི་མཐའ་སྟེང་ལས་བྱུང་བའི་མུན་པའི་སྡང་བ་ནི་མ་རིག་པའོ།། དེའི་རང་བཞིན་ལྟ་བ་དང་འཁྲུལ་པ་དང་རྣམ་པར་གཡེང་བ་དང་བརྗེད་ངས་པ་དང་ལེ་ལོ་དང་མི་སྨྲ་བ
291a8 དང་མེ་གསལ་བའོ། ། མ་རིག་པ་ལ་སེམས་ལས་བྱུང་བ་སྟེ། ཉི་མའི་སྣང་བ་ལྟ་བུ་དང་། ཤིན་དུ་གསལ་བའི་སྨིག་རྒྱུ་བ་ལྟ་བུའོ།། དེའི་རང་བཞིན་འདོད་ཆགས་དང་དགའ་པ་མཆོག་ས་དགའ་བ་དང་དྲག་པོ་ལ་སོགས་པ་དང་།
iiif viewer powered by OpenSeadragon
290b - 291b