| | e-texts navigator
|
290a1 ཤ་ས། ། སྦྱོར་བས།། ནམ་མཁའི་ཁམས་དང་མཉམ་པའི་གནས།། གང་ཞིག་བྱུང་འབྱུང་འབྱུང་འགྱུར་བའི།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། དེ་ཡི་བྱིན་གྱིས་འ་པའི་གནས།། ལམ་གསུམ་ལས་ནི་བྱུང་བ
290a2 མཛད། ། སྐུ་ཡིས་སྟོན་པར་མཛད་པ་མཆོག། རང་སངས་རྒྱས་ནི་བསྒོམ་པ་ཡིན།། མདོ་སྡེ་པ་དང་ཉན་ཐོས་ཀྱིའང་།། སྨ་བསྒྲུབ་པ་པོར་གྱུར་ཡིན།། སེམས་ནི་རྣལ་འབྱོར་ལྡན་མཆོག་གི། འགྲོ་བའི་དོན་ནི་རབ་སྒྲུབ་པའོ།། འགྲོ་འོང་།
290a3 གནས་དང་བྲལ་བ་ནི།། རྡོ་དང་ས་ནི་དབྱིག་བྱེད་པ།། ལུས་ལ་སོགས་པ་མཚོན་པ་ཡིས།། འོན་ཀྱང་དེ་ནི་གསུང་དུ་འགྱུར།། སེམས་དང་ལུས་དང་མི་ལྡན་པའི།། དེ་བཞིན་ཉིད་ནི་འགྲོ་དོན་ཅན།། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་གཅིག།
290a4 གྱུར་ཀྱང་སོ་སོར་བསྟན་པ་ཡིན།། སངས་རྒྱས་རྡོ་རྗེ་ཆོས་དག་གམ།། དེ་བཞིན་རྡོ་རྗེ་སེམས་དཔའང་རུང་།། སྐུ་གསུང་ཐུགས་ཀྱི་སངས་རྒྱས་སོགས།། རྡོ་རྗེ་གསུམ་པོ་མི་ཕྱེད་བརྟག། དེ་འདས་རྨོངས་པའི་བདག་ཉིད
290a5 ཅན། ། སོ་སོར་རྟོག་པ་འགས་པར་འགྱུར།། སྐུ་ལས་སོགས་པའི་གྲངས་མཉམ་པར།། སངས་རྒྱས་ཀྱང་ནི་གང་རྟོག་གྱུར།། སྟོང་པ་ཤིད་དུ་སྦྱོར་བ་ཡང་།། དེ་ནི་གསལ་བར་ཐེ་ཚོམ་མེད།། སྣ་ཚོགས་སྦྱོར་གྱུར་སྔགས་རྣམས།།
290a6 ནི།། གང་ཞིག་སྟོང་པར་མངོན་སུམ་བྱེད།། འདས་པ་དག་ནི་དེ་ཐམས་ཅད།། རྨོངས་པའི་བདག་ཉིད་དེ་འགས་འགྱུར།། ཉན་ཐོས་རང་སངས་རྒྱས་རྣམས་ཀྱི།། བྱང་ཆུབ་བསྡུས་ནས་བཤད་པ་ཡིན།། འཇིག་རྟེན་པ་ཡི་གང་བཤད་པ།།
290a7 མདོར་བསྡུས་པ་ནི་འདི་ཡིན་ནོ།། སངས་རྒྱས་ཡང་ན་རྡོ་རྗེ་ཆོས།། ཡང་ན་རྡོ་རྗེ་སེམས་དཔའང་རུང་།། རྨོངས་པས་འདི་ལས་འདས་ན་ནི།། དེ་ནི་འགས་པར་ཐེ་ཚོམ་མེད།། དགོངས་པ་ལུང་བསྟན་ལ་གནས་ནས།། གསང་བ་དམ་པ
290a8 ཡང་དག་བསྲུང་། ། ལྷུན་གྱིས་གྲུབ་པའི་སྦྱོར་བ་ཡིས།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། སྐྲ་ལས་སོགས་པའི་གསང་བ་མཆོག། རྡོ་རྗེ་སྦྱོར་བ་ཞེས་བྱ་བའི།། དམ་ཚིག་སྒྲུབ་པའི་མཆོག་བསྟན་པའི།། ལེའུ་བཅུ
iiif viewer powered by OpenSeadragon
289b - 290b