| | e-texts navigator
|
289b1 མེད་པ། ། རང་བཞིན་སེམས་མེད་གྱུར་པ་ཡི།། འཛམ་གཟུགས་སངས་རྒྱས་སུ་ཅན་ཏེ།། འོན་ཀྱང་འགྲོ་བའི་བླ་མའི་སྐུ།། སངས་རྒྱས་བྱིན་གྱི་བྱིན་རླབས་ཀྱིས།། དེ་བཞིན་སྔགས་སྦྱོར་བདག་ཉིད་ཅན།། དངོས་མེད་རྡོ་རྗེའི་གཉིད་ཡིན།། ཤིང
289b2 དང་ས་དང་རིན་ཆེན་སོགས། ། རང་གི་ལྷ་ཡི་གཟུགས་བྱས་ལ།། རང་གི་ཆོས་ནི་སྤངས་ནས་སུ།། ཚིག་གི་ལམ་དེ་སྟོན་པར་བྱེད།། སྐུ་གསུང་ཐུགས་དང་ལྡན་པ་མཆོག། ཆོ་འཕྲུལ་དེ་ལ་གལས་བྱུང་།། དེ་ནས་དང་སོགས་ཡང་དག
289b3 པས། སླར་ཡང་དེ་ལ་གསོལ་འདེབས་ཀྱང་།། གསོལ་བ་འདེབས་པ་ཙམ་གྱིས་ནི།། དེ་དང་འདྲ་བར་ག་ལ་འགྱུར། གྱི་ཆོས་ལ་གང་ཞིག་དགའ།། ལྷ་རྣམས་ཐམས་ཅད་སྤོང་བ་ཡིན།། དེ་ལྟར་སྐུ་ལས་སྐུ་བྱུང་བ།། དཔལ་ལྡན་ཆོས་འདི
289b4 འང་གསུམ་གྱི་ལམ། ། བྱིན་བརླབས་པ་དག་ལོངས་སྤྱོད་ན།། གསུང་གི་རྡོ་རྗེ་ཅན་དུ་བྱེད།། འདས་དང་མ་འོངས་སངས་རྒྱས་རྣམས།། ཕྱོགས་བཙུན་ནི་གང་བཞུགས་པ།། བྱུང་དང་འབྱུང་འགྱུར་དེ་རྣམས་ནི།། མི་བྱེད་གསུམ་གྱི
289b5 ལམ་དུ་འགྱུར། ། ཡིད་ཏོན་བདེ་བཞི་བདག་ཉིད།། དེ་བཞིན་ཉིད་ཤེས་ལམ་བྱུང་བ།། ཡི་གེ་གཅིག་ནི་གསུམ་དྲག་འདི།། རང་ཉིད་འགྲོ་བའི་ཁར་བརྗོད་དོ།། དེ་ཡི་བྱིན་གྱིས་བརླབ་པའི་གནས།། རྡོ་རྗེ་མི་ཕྱེད་རྡོ་རྗེ་ཅན།། གང་གཞན་སངས
289b6 རྒྱས་ཀྱིས་གསུངས་དང་། ། འགྲོ་བའི་སྒྲར་ནི་འདི་འགྱུར་ཏེ།། དུས་གསུམ་བཞུགས་པའི་སངས་རྒྱས་རྣམས།། རྡོ་རྗེ་མ་བྱེད་གསུམ་རྣལ་འབྱོར།། གསུང་གི་རྡོ་རྗེ་མི་བྱེད་པ།། རྡོ་རྗེ་ཅན་མཆོག་དེ་བྱིན་རློབ།། འཇུག་པ་གནས་པར
289b7 སྦྱོ་བ་དང་། ། ལྡང་བ་དང་ན་ཡང་དག་ལྡན།། གསུང་གི་རྡོ་རྗེ་དེ་མེད་ག། དེ་ནི་སངས་རྒྱས་བྱིན་གྱི་རྫོབ།། ཇི་ལྟར་འཁོར་ལོས་མྱུར་རྒྱལ་ན།། ཚིག་གི་ལམ་གྱིས་ལས་བྱེད་འཇུག། གསུང་བྱིན་བརླབས་པས་སྔགས་པ་ནི།། དེ་བཞིན་དོན
289b8 ཡོད་ཉིད་དུ་བྱེད། ། དེར་ནི་ཡང་དག་བཤད་པ་འདི།། བསྒྲུབ་པ་ཆེན་པའ་ཞེས་བྱའོ།། སངས་རྒྱས་དེ་རྣམས་བྱིན་རློབ་པ།། སྡོམ་པ་ཡུལ་གྱི་དམ་པའོ།། རྡོ་རྗེ་ཐུགས་ནི་འཛིན་རྒྱལ་པོ།། དེ་ནི་བདག་ལ་བྱིན་རློབ་མཛད།། མི་བྱེད་རྡོ་རྗེ་གསུང
iiif viewer powered by OpenSeadragon
289a - 290a