e-texts navigator
Collection
Volume
Page
Wylie

289a1 བ།། གསང་བ་མཆོག་ལས་བྱུང་བར།། ཟླབ་བྱེད་ཀྱིས་བསྒྲུབ་པར་གསུངས།། དེ་ཉིད་ཉེ་བར་འགྱུར་བཤད་པའི།། སྡོམ་པའི་ཡུལ་ནི་དམ་པ་ཡིན།། གང་ཡེ་ཤེས་ས་མ་ཡེ་ཤེ།། དེ་བན་ཤིང་ཤེས་ལས་བྱུང་གངས་ས་དུ
289a2 དཔལ་དང་ལྡན། ། རྡོ་རྗེ་མི་ཕྱེད་འོད་པོ་ཆེ།། བྱང་ཆུབ་སྐད་ཅིག་གིས་སྦྱོར་བ།། རྡོ་རྗེ་སུ་ནི་བྱེད་པར་འགྱུར།། སྲོག་ལས་སོགས་དང་གྲངས་མཉམ་པའི།། བདག་མེད་ཕྱོགས་བཞུགས་སངས་རྒྱས་རྣམས།། རྡོ་རྗེ་མ་བྱེད་གསུམ་བསྒོམས
289a3 ས། ། རྡོ་རྗེ་བྱིན་བརླབས་མཛད་པར་འགྱུར།། འདས་དང་མ་འོངས་སངས་རྒྱས་དང་།། གང་ཞིག་ཕྱོགས་བཅུར་བཞུགས་པ་རྣམས།། ཆོས་སྐུ་མཆོག་གིས་རྣལ་འབྱོར་པ།། སངས་རྒྱས་དེ་རྣམས་བྱིན་གྱིས་རློབ།། འདས་པ་རྣམས་ནི་ཆོས་སྐུ
289a4 ཡིས། ། བསམ་མི་ཁྱབ་པའི་ཕྱོགས་ན་བཞུགས།། སྔགས་མཆོག་བསམ་གྱིས་མི་ཁྱབ་པས།། མ་འོངས་རྣམས་ཀྱིས་བྱིན་གྱིས་རློབ།། སངས་རྒྱས་གསུམ་ལ་དབྱེ་བ་ནི།། ཅུང་ཟད་ཙམ་ཡང་ཡོད་མ་ཡིན།། འོན་ཀྱང་དངོས་མེད་ལས
289a5 བྱུང་བའི། ། སྔགས་པ་རྣམས་ལ་བྱིན་གྱིས་རློབ།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། མི་བྱེད་རྡོ་རྗེ་གསུམ་བསྒོམ་ལ།། སྐུ་ནི་ཇི་ལྟ་བར་འཚམ་པ།། དེ་ལྟར་བྱིན་གྱིས་རློབ་པར་མཛད།། རིག་དང་མ་རིག་ཡང་དག
289a6 ལྡན། ། སྲོག་ལ་སོགས་ཏེ་བཅུ་གཉིས་བཤད།། དུས་ཀྱི་ཉིས་འགྱུར་ལམ་ལ་སོགས།། དེ་ཉིད་ཟླ་བ་ལ་སོགས་འགྱུར།། ཟླ་བ་ལ་སོགས་གྲངས་མཉམ་པས།། ཉི་མ་བཅུ་གཉིས་མིང་ཅན་ཡིན།། ཁྱབ་འཇུག་དེ་ཉིད་དབྱེ་བ་ཡིན།། ལམ་རྩོམ
289a7 བ་ནི་བརྟགས་པ་ཡིས། ། དེ་ཉིད་དུ་ནི་སྒྲུབ་པ་མཆོག། སྡོམ་པ་ཡུལ་ཞེས་བཤད་པ་ཡིན།། སྔགས་དང་དངོས་མེད་དེ་བྱེད་པ།། འགལ་མེ་འཁོར་ལོ་བསྐོར་དང་མཚུངས།། རྟོག་པ་ལས་བྱུང་དེ་འདི་ནི།། དངོས་མེད་པ་ནི་སྒོམ་པས་སོ།། བཇོས
289a8 པ་ཡི་སྐྱེ་བོ་ནི། ། ལྷ་ཡི་གཟུགས་ལ་འདུད་པར་བྱེད།། མིག་དང་དེ་བཞིན་རྣ་བ་སྣ།། ལྕེ་དང་དེ་བཞིན་ལུས་ངག་དང་།། ལྤགས་པ་རྐང་པར་ཡང་དག་ལྡན།། འཛིན་པ་དག་ནི་མི་ནུས་པ། ལྷ་དང་ཉན་དང་དྲི་དང་རོ།། རེག་བྱ་རྣམས་ནི་དངོས




iiif viewer powered by OpenSeadragon

288b - 289b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud