e-texts navigator
Collection
Volume
Page
Wylie

288b1 རྡོ་རྗེ་གསུཔ་གཉིས་པར་སྦྱོར་བས།། བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར།། མེ་ལོང་ཞེས་བྱ་དགོན་པ་ཆེ།། རིན་ཆེན་ཞེས་བྱ་དབེན་པའོ།། ཆེན་པོ་ཞེས་བྱའོད་དཔག་མེད།། དོན་ཡོད་དང་ན་ར་བར་ཡིན།། ཆུ་དོགས་དག་པ་ཆོས་བྱ
288b2 6། གནས་ལྔ་དག་ཏུ་རབ་ཏུ་བརྟག། ཇི་སྲིད་དོན་ནི་སྦྱོར་བ་བཞིས།། ཡི་གེ་ཨོཾ་ནི་སྡོམ་པར་འགྱུར།། ཇི་ལྟར་ནམ་མཁའ་མཚན་ཉིད་གཅིག། རང་གི་མཚན་ཉིད་འདོར་མི་བྱེད།། དེ་བཞིན་དེ་ཉིད་གསུམ་བཞིའི་བྱེད།། ཡི་གེ་ཨོཾ་གཅིག
288b3 སྡོམ་པའོ། ། གནས་མེད་གནས་པ་ཞེས་བྱ་བའི།། ཨོཾ་གཅིག་གིས་ནི་འགྲོ་ལ་ཁྱབ།། དེ་ཉིད་མི་གསལ་སྦྱོར་དབང་པོ།། གཙོ་བོ་རང་ཉིད་བཟློག་པ་ཡིན།། ལ་ལ་གླང་པོ་སྤངས་ནས་ནི།། རྗེས་ལ་དབྱིབས་ནི་ཚོལ་བར་བྱེད་དེ་བཞིན་མ་འོངས་སྔ
288b4 པ་ནི། ཨོཾ་ལས་སྡོམ་པ་གཞན་དུ་འདོད།། གཅིག་གཉིས་གསུམ་དང་བཞི་དང་ལྔ།། དུས་ཐུབ་དེ་བཞིན་ནོར་ཅན་དང་།། ཕན་ཚུན་སྦྱོར་གནས་བརྗོད་པ་ལས།། བསཔ་མི་ཁྱབ་པའི་གྲངས་སུ་འགྱུར།། བཅོམ་ལྡན་གཅིག་ཀྱང་དུབསྟེ།
288b5 ཚིག་ཏུ་བརྗོད་པ་རྣམ་པར་སྤངས།། བརྡའ་ཙམ་དུ་ནི་ཨོཾ་ཞེས་བྱ།། དངོས་མེད་སྦྱོར་བའི་ཆོས་ཉིད་ཡིན།། ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ།། སྐུ་གསུམ་དུ་མ་ཡང་དག་བཤད།། གསུམ་པོ་ཡང་དག་འཛིན་པས་ནི།། དེ་ན་ཨོཾ་ནི་སྡོམ་པ་ཡིན།།
288b6 དང་པོ་གཅིག་པུ་མི་བསྐྱོད་དགོད།། དེ་ཉིད་སྡོམ་པར་གྱུར་པ་ཡིན།། བརྡའ་རུ་བརྗོད་པ་སྣ་ཚོགས་པ།། བསམ་ནས་སྡོམ་པ་ཀུན་ཏུ་བཤད།། མི་བྱེད་ནམ་མཁའི་སྦྱོར་བ་ཡིས།། བསམ་དང་གདོན་དང་རྣམ་པར་བྲལ།། རྟེན་འབྲེལ
288b7 རིག་ལས་ཡང་དག་འབྱུང་། ། རྗེས་བཅས་ཞེས་བྱ་དེ་བསྒོམ་བྱ།། རྟག་ཏུ་འབྱུང་བའི་ཡེ་ཤེས་ཞིག།། མིག་ལ་སོགས་པ་བདུན་བརྒྱལ།། གཡས་དང་གཅིག་ཤོས་ཟླ་བྱེད་རྡོ།། ཤེས་རབ་ཐབས་ཀྱང་བསྒྲུབ་པའོ།། འདི་དག་གཟུར་གྱུར།
288b8 བསྟེ།། རྡོ་རྗེ་མིང་ཅན་བྱེད་དང་གཉིས།། དེ་ནི་སྦྱོར་བ་འདི་ཉིད་ཀྱིས།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། ཞག་ནི་མི་ཐུབ་ཟླ་བྱེད་དང་།། ཟླ་གཅིག་ཟླ་བ་བྱེད་གཉིས་མིན།། འཇིག་རྟེན་པ་ཡི་ཞག་དབྱེ་བས།། རྒྱ་ཆེར་རངས་ནི་བཤད་པ་ཡིན།།




iiif viewer powered by OpenSeadragon

288a - 289a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud