| | e-texts navigator
|
288a1 རྐྱེན་དང་ཉན་ཐོས་པ་དོ་སྡིག།། འདི་དང་ལྡན་པ་རབ་ཏུ་བསྔགས།། སེམས་ལ་དམིགས་དང་འདིར་བྱོར་པ།། ག་ཅིག་གིས་ཀྱང་དེ་འགྲུབ་འགྱུར།། བསྟན་པའི་བཅིག་སྦྱོང་གཅིག་དང་། ཉེ་བར་བསྒྲུབ་པ་དག
288a2 གྱུར་དང་། གྲུབ་པའི་དམ་ཚིག་ཉིད་དང་ནི།། སྒྲུབ་པ་ཆེན་པོ་བཞི་པ་ཡིན།། འདི་ལ་ཡང་དག་འཇུག་འགྱུར་པ།། ཇི་ལྟ་ཇི་ལྟར་འཇིག་རྟེན་སོགས།། ས་དང་ཤིང་གི་རིན་ཆེན་སོགས།། ལྷ་ཉིད་དུ་ནི་རབ་ཏུ་བརྟག། ཆོས་ཀྱི་དབྱེ་བས་ཤེས
288a3 པར་བྱ། ། རྡོ་རྗེ་ཡེ་ཤེས་སྒྲུབ་པ་པོ།། བསྟེན་པའི་དམ་ཚིག་ཡང་དག་སྦྱོར།། བྱང་ཆུབ་མཆོག་ནི་རྣམ་པར་བསྒོ་བ།། གཟུགས་དང་སྒྲ་དང་དེ་བཞིན་དྲི།། རོ་དང་རེག་བྱ་ཆོས་རྣམས་ལ།། དངོས་གྲུབ་མཆོག་ནི་རྣ་པ་དཔྱད་པ།། དེན
288a4 ཉེ་བར་སྒྲུབ་པར་འགྱུར། ། སྔགས་བདག་གང་ཡིན་བསྒོམས་ནས་ནི།། བསྐུལ་བར་སྒྲུབ་པར་བྱེད་པ་ཡིན།། རང་སྔགས་རྡོ་རྗེ་ཅན་གྱི་གཟུགས།། དེ་ནི་སྒྲུབ་པ་ཆེན་པོར་འདོད།། བསྙེན་པ་རྡོ་རྗེ་བདུད་རྩི་དག། སྔགས་པས་ཀུན
288a5 ཏུ་བརྟག་པར་བྱ། ། དངོས་གྲུབ་འདོད་པས་གནས་པ་ནི།། དབུ་བརྒྱན་ལ་ནི་མཆོག་གང་བསམ།། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི།། དེ་ཉིད་གསུམ་གསང་ཡང་དག་འབྱུང།། སྔགས་ཀྱི་དེ་ཉིད་དོན་གཉེར་བའི།། སྒྲུབ་པ
288a6 པོས་ནི་དབེན་པ་བསྟེན། ། སྣ་ཚོགས་ལུང་གིས་ཡང་དག་རྟོག། སྔགས་ནི་དགོན་པ་ཆེན་པོར་འདོད།། དེ་ཡི་དཔག་བསམ་ཤིང་ལོངས་སྤྱོད།། ས་ཕྱོགས་ཞེས་ནི་ཡོངས་སུ་བསྒྲགས།། མཁའ་དང་མཉམ་པའི་སྦྱོར་བ་ནི།། རྣམ་པར
288a7 དབེན་པ་ཆེན་པོར་བཤད། ། རི་བོར་རྫོགས་པའི་སངས་རྒྱས་དང་།། དེ་རིགས་དངོས་མེད་ལས་བྱུང་བའོ།། དེ་འདྲ་འི་དབེན་པའི་མཆིན་པ་རུ།། དེར་ནི་འོད་ཆེན་རྣམ་གནས་ཏེ།། གནས་མེད་པ་ཡི་སྦྱོར་བ་ཡིས།། རྟག་ཏུ་དངོས་གྲུབ
288a8 ཐོབ་པར་འགྱུར། ། བཅོམ་ལྡན་རྡོ་རྗེའི་སྒྲུབ་པ་ནི།། ཆེན་པོས་དེ་སད་བཀའ་སྩལ་ཏོ།། དགོན་པ་ཆེན་པོའི་ས་ཕྱོགས་སོགས།། འཇིག་རྟེན་པ་རྣབ་སྨྲབ་པསལ།། བསྙེན་པ་སུ་ཡི་བརྟུལ་ཞུགས་མཆོག། བློ་དང་ལྡན་པས་རྡོ་རྗེ་བཞིས།།
iiif viewer powered by OpenSeadragon
287b - 288b