| | e-texts navigator
|
287b1 ནི་ཐམས་ཅད་དུ། ། སངས་རྒྱས་སྐུ་དང་འདྲ་བར་འགྱུར།། རྡོ་རྗེ་དམ་ཚིག་དངོས་གྲུབ་མཆོག། རྡོ་རྗེ་བདག་ཉིད་དེ་སྣང་བྱེད།། གང་གའི་ཀླུང་གི་བྱེ་མ་སྙེད།། སངས་རྒྱས་ཞིང་ནི་ཐམས་ཅད་དུ།། གྲུབ་ནས་འདི་ནི་དེར་སྦྱོར་བའི།།
287b2 རེག་པ་འཛིན་པར་དེ་འགྱུར་རོ།། ཡི་རྡོ་རྗེ་བསྒོམ་བདག་ཉིད།། གྲུབ་མཆོག་དམ་ཚིག་ལ་གནས་པ།། མི་སྣང་གྱུར་པ་ཀུན་གྱི་མཆོག། སྟོང་ཁམས་དག་ནི་སྣང་བར་བྱེད།། ལྷ་ཡི་བུ་མོ་མཆོག་ཕྲོགས་ནས།། སངས་རྒྱས་རལ
287b3 འབྱོར་མ་ལེགས་སྦྱོར། ། གང་གཱའི་བྱེ་སྙེད་ཅེས་བྱ་བའི།། རྫོགས་པའི་སངས་རྒྱས་མ་ལུས་ཀུན།། དཔེ་དེ་དང་ནི་གྲངས་གཅིག་པ།། སངས་རྒྱས་དུས་གསུམ་རྣམ་སྤངས་པ།། ལག་ཏུ་ཀཱུ་རུ་ར་བ་ཞག་བཞིན།། རྡོ་རྗེ་མིག་གིས་དེ་མཐོང
287b4 འགྱུར། ། སངས་རྒྱས་ཞིང་ནི་གང་དག་ཏུ།། སྒྲ་གྲག་པ་ནི་ཇི་སྙེད་པ།། རྣ་བ་ལ་གནས་མ་ནོར་བར།། སྐད་ཅིག་གིས་ནི་དཀུན་ཐོས།། གང་གཱའི་བྱེ་སྙེད་ཞིང་དག་ན།། སྐུ་ལ་སོགས་པ་གསུམ་གྱི་མཚན།། སེམས་ཞེས་བཤད་པའི
287b5 བསྒོམ་པ་མཆོག། སེམས་ཅན་དམས་ཀྱིས་དེ་ཉིད་རིག། བསྐལ་པ་གང་གཱའི་བྱེ་སྙེད་དུ།། སངས་རྒྱས་རྡོ་རྗེ་མཆོག་གིས་འགེངས།། རྡོ་རྗེ་བསམ་མི་ཁྱབ་སྔོན་འགྲོ།། རང་གི་རྣང་སེམས་བཅས་པ།། གང་གཱའི་བྱེ་བའི་མིང
287b6 ཅན་གྱིས། ། གནས་ཀྱིས་དངོས་གྲུབ་བཤད་པ་ཡིན།། སངས་རྒྱས་རྣམས་ཀྱི་མངོན་ཤེས་གནས།། འདི་ནི་ཡང་དག་བཀའ་སྩལ་ཏོ།། མངོན་ཤེས་དྲུག་ནི་དོན་གྲུབ་པའི།། དེ་ནི་སངས་རྒྱས་འདྲ་བར་འགྱུར།། གང
287b7 གཱའི་ཀླུང་གི་བྱེ་སྙེད། ། འཁོར་རྣམས་ཀྱི་ནི་རབ་མཛེས་པས།། སྐུ་སོགས་རྡོ་རྗེ་གསུམ་འདི་ནི།། འཇིག་རྟེན་ཁམས་རྣམས་ཀུན་ཏུ་སྤོང་།། ཡིད་རྟོན་པདེ་གཅིག་བསྟེན་པ་སྟེ།། དེ་ཉིད་གསུམ་མཉམ་གཉིས་སྤྱོད
287b8 རུས། ། བསྟེན་ཏེ་དམ་ཚིག་གཅིག་གྱུར་པ།། ཡེ་ཤེས་ཉེ་བར་བསྒྲུབ་པའོ།། ཡིད་ཉོན་མཉམ་པའི་སྦྱོར་བ་ལས།། སྒྲུབ་པ་ཡིན་ད་མ་ཚིག་འགྱུར།། འབྲས་བུ་མངོན་སུམ་བྱས་སྦྱོར་བ།། སྒྲུབ་པ་ཆེན་པོ་བཞི་པའོ།།
iiif viewer powered by OpenSeadragon
287a - 288a