| | e-texts navigator
|
286a1 སངས་ཀྱིས་དཔག་པ་ལ་འི།། གནས་མེད་གནས་པའི་སྦྱོར་བ་ཡིས།། དེ་ཉིད་སྔགས་དོན་རྣལ་འབྱོར་པས།། འགྲོ་བ་འདོད་པའི་ལོངས་སྤྱོད་ཀྱང་།། ལགས་ལ་བྱོང་བས་སྦྱོར་བར་བྱེད།། གང་ཡང་དམ་ཚིག་ཕྱོགས་རྣམས་ནི།
286a2 མཁའ་དབྱིངས་དབྱེ་བས་གནས་པ་རྣམས།། དེ་ཉིད་རྡོ་རྗེ་བཀུག་ནས་ནོ།། སྔགས་རིག་པས་ནི་སྤྱད་པར་བྱ།། ནམ་མཁའི་ཁམས་ནི་དགུག་པ་འདི།། དམ་ཚིག་ཆེན་པོ་རྡོ་རྗེ་ཙན།། སྔགས་ཀྱི་དེ་ཉིད་གཅིག་སྦྱོར་ལས།། ལྕགས་ཀྱ་དེ་རྣམས
286a3 འགྲུབ་པར་འགྱུར། ། དམ་ཚིག་རྣམས་ནི་དགུག་པའི་མཆོག། རྒྱལ་གནས་ལྕགས་ཀྱུ་བསམས་ནས་ནི།། རྣམ་པར་སྣང་མཛད་འཁོར་ལོ་ཆ།། རྡོ་རྗེ་པད་མ་ལ་སོགས་བྱ།། མེ་ལོང་ལྟ་བུའི་སྔགས་པས་ནི།། སངས་རྒྱས་སྐུ་ནི
286a4 རྣམ་པར་བསྒོམ། ། ལག་ཏུ་སྐུ་དང་གསུང་ཐུགས་ཀྱི།། ལྕགས་ཀྱུ་ལ་སོགས་རབ་ཏུ་བསྒོམ།། དེ་ནི་སྦྱོར་བ་འདི་ཉིད་ཀྱིས།། དེ་ཉིད་ལས་ནི་ལྷ་རྣམས་དགོད།། དེ་ནི་དེ་མ་ཐག་ཏུ་ཡང་།། དངོས་གྲུབ་ཀུན་སྟེར་ལས་བྱེད་འགྱུར། སྐུ
286a5 རང་གསུང་ཐུགས་ཐམས་ཅད་ནི། ། མཚན་ཉིད་གཅིག་པར་བསྒོམ་པར་བྱ།། ལྕེ་ཡི་རྡོ་རྗེ་སྦྱོར་བ་ཡོས།། གསུང་གི་རྡོ་རྗེ་མཉས་བསྒོམ།། བརྟུལ་ཞུགས་ཅན་གྱིས་ཕྱི་ནང་གཉིས།། གསང་བའི་རྡོ་རྗེ་མཆོག་མཆོད་དོ།། དངོས་མེད་ངས
286a6 ཚིག་སྦྱོར་བ་ཡི། ཇིཿཇི་ལྟར་རབ་བསྒྲུབ་པ།། དམ་ཚིག་གསུམ་གྱི་རྣལ་འབྱོར་པའི།། དེ་ནི་ཡང་དག་ཡིན་པར་བཤད།། གསང་བའི་སྙིང་པོ་བསྡུས་པ་ཡི།། དངོས་གྲུབ་ཀུན་གྱི་མཆོག་ཏུ་འདོད།། བཅོམ་ལྡན་དམ་ཚིག་ཆེན་པོས།།
286a7 རྣལ་འབྱོར་པས་ནི་དེ་སྐད་གསུངས།། དེ་ནས་ཕྱག་ན་རྡོ་རྗེ་ནི།། གོ་བྱེད་གསང་བ་ཡང་དག་གསུངས།། གང་ཞིག་ཤེས་ན་རྣལ་འབྱོར་པའི།། མཉམ་པ་མཆོག་ནི་ཐོབ་འགྱུར་བའི།། གསང་དབང་དེ་ཉིད་དམ་པ་ཡི།། དེ་ནི་དེ་ཡིས་ཡང་དག
286a8 བཤད། ། རལ་འབྱོར་ཆེན་པོ་གཅིག་བདག་ཉིད།། དམ་མཁའ་དང་ནི་མཉམ་པའི་གནས།། བྱས་ན་དམ་ཚིག་ཡང་དག་པ།། ཤ་ཆེན་ལ་ནི་ཡང་དག་སྦྱར།། དངོས་མེད་པ་ཡི་ཤ་ཆེན་གྱི།། དམཆོག་མཆོག་ལ་གནས་ནས་ནི། ཛྲན།
iiif viewer powered by OpenSeadragon
285b - 286b