| | e-texts navigator
|
284b1 བཅུ་བདུན།། ནམ་མཁར་སྤྲོ་བ་བསམ་མི་ཁྱབ། འཇམ་པའི་རྡོ་རྗེ་བདག་པོ་སྟེ།། འདི་དང་འཁོར་དུ་གྱུར་པ་ཡིད།། འཇིག་རྟེན་པ་ཡི་རང་ངོ་བོ།། ཕྱི་ཡི་རི་རབ་བརྟག་པ་ཡིན།། དམ་ཚིག་རྡོ་རྗེ་ཞེས་བྱ་བའི།། འཁོར་ལོའི་ཏིང་ངེ་འཛིན
284b2 ཅེས་བྱ། ། འཁོར་ལོ་དངོས་གྲུབ་རྙེད་སླབ།། སྐད་ཅིག་སྦྱོར་བས་བསྒྲུབ་པའོ།། རྡོ་རྗེ་ཆེན་པོ་རང་སྔགས་ཀྱིས།། དཀྱིལ་འཁོར་དབས་སུ་རབ་བསྒོབས་།། རྡོ་རྗེ་གུར་གྱི་གནས་མཆོག་སྟེ།། ཐུགས་ཀྱི་རྡོ་རྗེ་འདྲ་བར་འགྱུར།། རབ
284b3 སུཔ་བཅུ་རྩ་དྲུག་གིས། ། རྡུལ་ཕྲན་ཇི་སྙེད་ཡོད་པ་ཡི།། དེ་སྙེད་བུད་མེད་དེ་ཡིནི།། གསུམ་འགྱུར་གནས་སུ་འགྱུར་བ་ཡིན།། ཁམས་གསུམ་གྱི་ནི་རྡོ་རྗེ་ཆེ།། དྲུག་པོ་ཡིས་རི་ཕྱག་བྱས་འགྱུར།། རྡོ་རྗེ་དཔ་ཚིག་ཅེས་བྱ་བའི།། ཏིང་ན
284b4 འདི་ནི་ཡང་དག་བཤད། ། པད་མ་ཆེན་པོ་མདབ་བརྒྱད་པ།། རང་སྔགས་རྡོ་རྗེ་ལས་བྱུང་བ།། ཆོས་རྣམས་ཀུན་གྱི་གནས་བསྒོམས་ན།། རྡོ་རྗེ་ཆོས་དང་འདྲ་བར་འགྱུར།། སུམ་བཅུ་རྩ་དྲུག་གནས་སྦྱོར་བའི།། རི་རབ་རྡུལ་ཕྲན་གྲངས་སྙེད།
284b5 ཀྱི། སངས་རྒྱས་རྡོ་རྗེ་མཆོག་གི་རི།། དཀྱིལ་འཁོར་ལ་བདག་བདག་ཉིད་འཇོག། གོས་མེད་མཉམ་ཉིད་ཡེ་ཤེས་ཀྱི།། རྡོ་རྗེ་པད་མོ་གྲུབ་བཅས་སྦྱིན།། སོ་སོར་རྟོག་པ་ཞེས་བྱ་བའི།། ཏིང་ངེ་འཛིན་ནི་ཡང་དག་བཤད།། ཤིན་ཏུ་གྲངས
284b6 མེད་བསྐལ་བར་རི། ། གྲངས་ཀྱི་མིང་གིས་གནས་པར་ནི།། གནས་ཤིང་སྒོམ་པར་བྱེད་པ་ཡིན།། དེ་ཡི་ཡེ་ཤེས་ལྔ་ལྡན་པ།། སངས་རྒྱས་ཀུན་གྱི་དགོངས་པ་ནི།། འཇིག་རྟེན་པན་ཕྱིར་གསུངས་པ་རྣམས།། ཕྱོགས་བཅུའི་སངས་རྒྱས
284b7 མཐའ་ཡས་པའི། ། ཡོན་ཏན་གསུམ་ནི་ཡོངས་སུ་བསྟེན།། འོད་ཟེར་ལྔ་ཡི་མདོག་འདྲ་བའི།། རང་སྔགས་ལས་བྱུང་རལ་གྲི་ནི།། བློ་ལྡན་ལག་པ་དེ་བཞག་ར།། རྡོ་རྗེ་རིག་པ་འཛིན་པར་འགྱུར།། རང་གི་སྔགས་ཀྱི་ཁོངས་ཆུང་འདི།།
284b8 ཏཙིངྐ་རེ་ཁམས་གསུམ་པ།། པད་མ་སྤངས་པའི་ཚངས་པ་ཆེར།། རྣལ་འབྱོར་པ་དེ་འགྱུར་བ་ཡིན།། ཁམས་གསུམ་ཀུན་གྱི་ཆེར་མཆོད་ཅིང་།། ཚངས་པ་ལྷ་མིན་ཕྱག་བྱས་པ།། སྟོང་གསུམ་མི་ཡི་མཆོག་གཅིག་པུ།། དཔག་ཆེན་པོ་ཡི
iiif viewer powered by OpenSeadragon
284a - 285a