e-texts navigator
Collection
Volume
Page
Wylie

284a1 ཅད་དེ། ། སངས་རྒྱས་འབྱུང་བ་དངོས་གྲུབ་གྱུར།། སྔགས་འདོན་པར་ནི་གང་གྱུར་པ།། བསྡུས་བསྔགས་ནི་གཅིག་པུ་པ།། ལུས་སོགས་རྡོ་རྗེ་གསུམ་ལ་ནི།། རྡོ་རྗེ་འཇམ་པ་བསྒོམ་པར་བྱ།། ལུས་ལ་སོགས་པ་རྡོ་རྗེ་གས་པ།། །
284a2 གསུམ་ནས་སྤྲོ་བར་བ།། རྡོ་རྗེ་གསུམ་དང་ལགས་སྦྱོར་ལས།། འཇམ་པའི་རྡོ་རྗེ་འདྲ་བར་འགྱུར།། ནམ་མཁའ་མཐའ་ཡས་ཡང་དག་ཏོག། སེམས་སྦྱོར་བ་ནི་དཔག་ཚད་ཡིད།། ལྔ་བཅུ་གཉིས་གྱུར་གང་ཡིན་པ།། བརྒྱ་བརྒྱ་བ་ནས
284a3 མདོར་ཕྱོགས་ལ། ། ཙཾ་རིགས་གཅིག་པའི་ཡང་དག་ཏོགས།། སྣ་ཚོགས་རྡོ་རྗེ་འབར་གཅིག་སྩོལ།། དཔག་ཚད་བརྒྱ་ཡི་ཁྱོད་ཙམ་དུ།། འབར་བའི་རྡོ་རྗེ་སྣང་བ་ཡིས།། ས་ལ་སོགས་པ་བརྒྱན་པ་ནི།། དེ་ནི་སྣང་བ་ཞེས་བཤད་དོ།། ཚངས་པ
284a4 དབང་པོ་ལ་སོགས་ལྷ། ། དད་པས་དེ་ལ་ཕྱག་ཀྱང་བྱེད།། འདི་ནི་མི་སྣང་བྱེད་པ་སྟེ།། ཏིང་འཛིན་འཇམ་པའི་རྡོ་རྗེ་ཉིད།། རྣམ་པར་སྨིན་པ་ལྡོག་གྱུར་ཅིང་།། ཇི་སྐད་གསུངས་པ་འགྲུབ་པར་འགྱུར།། ཕུང་པོ་ལ་སོགས་གྲངས་མཉམ་པར།།
284a5 མི་བསྐྱོད་ལ་སོགས་རབ་ཏུ་བརྟགས།། བཤང་གཅི་སྦྱངས་ལས་དེར་གྱུར་པ།། གང་ཞིག་དམ་ཚིག་ཅེས་བྱའོ།། དམ་ཚིག་ཅེས་བྱ་དེ་དག་མཆོག། མི་བྱེད་རྡོ་རྗེ་གསུམ་འབྱུང་བས།། དཀོན་མཆོག་གསུམ་ནི་པཉམ་བྱས་ཏེ།། བདག
284a6 མེད་པ་ཡང་བསྒོམ་པར་བྱ། ། དཀོན་མཆོག་གསུམ་ནི་ལྕགས་གསུམ་ཡིན།། བདག་མེད་ཅེས་བྱ་ཁ་ཡིན་ཏེ།། གང་འདི་རྣམ་རྟོག་གཅིག་ཉིད་དུ།། བཅུག་པ་རི་ལུ་ཡིན་པར་འདོད།། སངས་རྒྱས་རྣམས་ཀྱིས་མི་ཕྱེད་པའི།། བསྒོམ་པ་སེམས
284a7 ཀྱི་དམ་པའོ། ། དེ་ལྟར་དེ་ཉིད་ཤེས་བསྒོམས་ན།། སྐད་ཅིག་གིས་འཇམ་རྡོ་རྗེར་འགྱུར།། འཁོར་ལོ་འོད་འཕྲོ་མཚུངས་པར་གྱུར།། རང་གིས་སྔགས་ཀྱིས་རྣམ་སྒོམས་ནས།། སངས་རྒྱས་ཀུན་གྱིས་གནས་བསྒོམས་ན།། སངས་རྒྱས་འདྲ་བར
284a8 འགྱུར་བར་བཤད། ། སུམ་བཅུ་རྩ་དྲུག་གནས་སྦྱོར་བའི།། རི་རབ་ཀྱི་ནི་རྡུལ་ཕྲན་རྣམས།། དེ་སྙེད་དེ་ཡི་རྗེས་འབྲང་རྣམས།། དམ་ཚིག་རྡོ་རྗེ་ཞེས་བྱ་བའོ།། གནས་ནི་ལྷ་ཡི་སྦྱོར་བ་སྟེ།། སྣ་ནི་རི་རབ་ཅེས་བྱའོ།། བདག་ཉིད་ཆེན་པོ་སུར།




iiif viewer powered by OpenSeadragon

283b - 284b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud