e-texts navigator
Collection
Volume
Page
Wylie

283b1 ཕུང་པོ་སྲོག་ཆགས་གྱུར་པ་སྟེ།། ཚངས་པའི་གནས་བཞི་བུད་མེད་ཡིན།། མི་སྦྱིན་ཚིག་དང་རྐང་པ་སྟེ།། དེ་བཞིན་རྟེན་པ་ཉིད་ཀྱང་ནི།། དུས་གསུམ་སྦྱོར་བ་གཅིག་པུ་རུ།། སྔགས་པ་ཡིས་ནི་ད་བྱའོ།། བཤད་པ་ཞེས་ནི་ཡུལ་ལ་བཤད།།
283b2 གཅི་བཞེས་ནི་དབང་པོ་ཡིན།། དེ་དག་ཟ་བ་དེ་བཤད་པ་ནི།། མ་སྐྱེས་གཅིག་པུར་མཐོང་བའོ།། ཁྲག་གི་ལྤགས་པར་ཡང་དག་བཤད།། ས་བོན་ལུས་ཤེས་བྱ་བ་ཡིན།། རྐང་ནི་སེམས་ཀྱི་ཀུན་རྟག་པ།། ཟ་བ་དངོས་མེད་གྱུར་པའོ།། སྨོན
283b3 ལམ་དབང་གིས་འདི་རྣམས་ནི། ། བི་མུ་ར་ཤུ་པས་འདི།། ལྷ་རྣམས་སྦྱོར་བའི་ཆོས་ཉིད་དུ།། བདུད་རྩི་ཞེས་ནི་བརྗོད་པ་ཡིན།། དགོངས་པ་ཡིས་ནི་བཤད་པ་ལ།། བྱིས་པ་རྣམས་ནི་ཡི་གེར་རྟོག། རྡོ་རྗེ་ཐེག་ལ་གནས་ཁྱོད་ཀྱང་།། ཆོས
283b4 ཉིད་དེ་ཡང་མི་ཤེས་སོ། ། རྟོག་པ་ཀུན་ལས་རྣམ་འདས་པས།། ཆོས་ཀྱི་དབྱིངས་ཏེ་མཁའ་དང་མཚུངས།། དེ་འདྲ་འཇིག་རྟེན་རྒྱང་བེན་པ།། མཐོན་པོའི་གསང་གིས་རྟོག་པར་བྱེད།། ཡི་གེ་གང་གིས་མི་གང་ཞིག། འགྲོ་ལ་གསལ་བར
283b5 རྟོག་བྱེད་པ། ། འགྲོ་དོན་གཅིག་པའི་སྦྱོར་བ་ལས།། དེ་ཉིད་ཀྱི་ནི་དེ་ཉིད་མཐོང་།། གང་ཞིག་རྣམ་སྨིན་སྨིན་པ་ཡི།། སེམས་ནི་དངོས་གྲུབ་ལ་བཞོལ་བ།། རྫོགས་ལོངས་སྤྱོད་པའི་སྐུར་སྦྱོར་ལས།། དངོས་པོ་མེད་པ་ཉིད་དུ་བྱུང་།། བདག་ཉིད
283b6 བསམ་གྱིས་མི་ཁྱབ་གཟུགས། ། ཀུན་རྫོབ་དོན་གྱི་བརྟེན་པོར་འབྱུང་།། སྤྲུལ་པའི་ལུས་ལས་སྔགས་པས་ནི།། སྒྱུ་མ་བཞིན་དུ་སྟོན་པར་བྱེད།། གསང་བའི་དངོས་པོ་དེ་ཉིད་འདི།། འཇམ་དཔལ་ཡེ་ཤེས་དམ་པའོ།། རྡོ་རྗེ་གསུམ་གནས
283b7 སྦྱོང་བ་ཡིས། ། བསྒོམ་པའི་བདག་ཉིད་ཅན་གྱིས་བསྒོམ།། ནམ་མཁར་རྟགས་པའི་རྣལ་འབྱོར་ལ།། ཕུང་པོ་དགོན་པ་ཆེན་པོར་འདོད།། གནས་མེད་གནས་པའི་སྦྱོར་བ་ཡིས།། དེ་བཞིན་ཉིད་གནས་ས་ཕྱོགས་ཡིན།། ལོངས་སྤྱོད་རྫོགས་པའི
283b8 དཔག་བས་པ་ཤིང་། ། དངོས་གྲུབ་སྣ་ཚོགས་མེ་ཏོག་ལྡན།། སྤྲུལ་པའི་འབྲས་བུ་ཤིན་ཏུ་མཛེས།། ཡང་དག་རྫོགས་པའི་བྱང་ཆུབ་ནི།། དངོས་མེད་དབེན་པ་ཉམས་དགའ་བ།། རྡོ་རྗེ་ཞེས་བྱ་དེས་བསྒྲུབ་བྱ།། ཕུང་སོགས་ཡན་ལག་ཐམས




iiif viewer powered by OpenSeadragon

283a - 284a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud