e-texts navigator
Collection
Volume
Page
Wylie

283a1 ཡོན་ཏན་གྷར་བདག་ལ། ། དགྱེས་པའི་བདེ་མཆོག་དགའ་བའི་འདོད་པ་མཛོད།། སྡོད་ཆད་མཛད་པའི་སྐྲོད་ལ་བ་རབ་མཆོག་དགོངས་ནས་དེ།། ཐུབ་པ་རྡོ་རྗེའི་ཚིག་བཅོག་རྔབ་པར་དབྱེ་བར་གསོལ།། དོར་བུ་རིན་ཆེན་དག
283a2 གིས་རལ་བརྒྱར་སྐུའི་མཆོག། འགྲོ་བའི་དོན་བྱེད་སྲིད་མོ་བདག་ལ་སྟེན་པར་མཛད།། ལྷག་པའི་སྙིང་རྗེ་ལས་བྱུང་རབ་མཆོག་ལྡན་པའི་སྐུ།། བདག་ནི་ཡོངས་སུ་བཟུང་ལ་ཆོས་རྣམས་དོན་ཡོད་མཛོད།། སྲིང་མོས་ཀྱང་ནི་ཁྱད་པར་དུ།
283a3 དེ་ལྟར་བསྐུལ་བ་ཙམ་གྱི་ནི།། དེ་ནས་ཡོངས་སུ་འཛིན་མཛད་དེ།། ག་པའི་པད་མ་དཔལ་དུ་མཛད། ཤིན་ཏུ་སྙན་ཅིང་ཡིད་འོང་དབྱངས་ཀྱིས་ནི།། ཕན་པས་མྱུར་དུ་འགྲོ་བ་གཉིས་མེ་འདིར་སྡོད་གྱུར།། བླ་མ་བདག་ནི་གལ་ཏེ་གསོན་པར
283a4 མཆིས་བཞེད་ན། ། དགའ་བ་ལས་བྱུང་ཆོས་དགའ་བདག་ལ་དགྱེས་པར་མཛོད།། འགྲོ་བ་དང་ནི་འོད་དང་གནས་པ་ཙམ་འདི་ནི།། ནམ་ཡང་ལྟོས་པར་གྱུར་པ་དག་གི་མངའ་བ་ལགས།། ཀུན་ཏུ་སོང་བའི་བདག་ཉིད་ཅན་གྱི་དམཆོག
283a5 སྟོན། ། འདོད་པའི་ཡོན་ཏན་རྣམས་དང་ཁྱེད་བདག་འདོད་པ་མཛོད།། དགོངས་པའི་ཡེ་ཤེས་རྡོ་རྗེ་ཡིས།། སངས་རྒྱས་ཡོན་ཏན་གཅིག་ལ་བཞུགས།། བཟླས་བརྗོད་སྦྱིན་སྲེག་དེ་བཞིན་ཁྲུས།། དཀྱིལ་འཁོར་ཡོངས་སུ་བརྟགས
283a6 པ་མཛད། ། འདོད་པ་མེད་ཅིང་ཆགས་ལ་ཞི།། དེ་ཡང་དོན་དམ་དག་གྱུར་ཡིན།། སྤྱོད་དུས་དེ་བཞིན་སྔགས་པ་ནི།། བཟླས་བརྗོད་དངོས་པོ་མེད་པ་ཡིན།། བསྙེངས་པ་ཡང་ནི་ཡིད་བཟང་ལྡན།། མདའ་དང་རིག་བྱེད་ཡོན་ཏན་དང་།། ཟུང
283a7 དང་ཟླ་དཀྱིལ་རྣལ་འབྱོར་པ། ། དབྱངས་ཀྱི་ཡི་གེ་བཞག་པར་བྱ།། ཧ་ཡ~ཾ་སྟེ་ཚན་ཀ་སྡེ་དང་།། བཅུ་གཉིས་བྱེད་བྱེད་རྟག་ཏུ་སྦྱར།། གཤིན་རྗེགཤེད་ཀྱི་གཟུགས་འདི་ནི།། ཉི་མའི་དཀྱིལ་འཁོར་དགལ་དགོད།། དེ་ནས་སྔགས
283a8 པ་མདུན་འདུག་སྟེ། ། དགོངས་པའི་དོན་གྱིས་བརྟགས་པར་བྱ།། ཕུང་པོ་ཁམས་ལ་སོགས་བལྟ་བ།། བརྡ་ལས་ཇི་ལྟར་ལུས་ཡིན་བཞིན།། མ་བྱིན་ལེན་པ་བྱང་ཆུབ་སེམས།། ཀུན་རྫོབ་བསྟེན་པ་བརྫུན་སྨྲ་བ།།




iiif viewer powered by OpenSeadragon

282b - 283b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud