e-texts navigator
Collection
Volume
Page
Wylie

281b1 དེ་ཡི་ཆོས་རྣམས་སྟོན་པར་བྱེད།། རྣམ་པ་དགུ་པོ་ཐོག་མཐའ་ཅན།། སྡུད་པ་པོ་རྣམས་བྱས་པ་ཡིན།། གསང་སྔགས་དེ་ཉིད་གནས་དགོད་པས།། སེམས་ཅན་ནམས་ནི་དེར་འཇོག་སྟེ།། གསོལ་བ་འདེབས་དང་ཕྱག་འཚལ་དང་།།
281b2 འཇིག་རྟེན་རྣམས་ལ་གསོལ་བྱ་དང་།། རྫོགས་སངས་རྒྱས་རྣམས་མཉེས་བྱེད་དེ།། ཁྱོད་ཀྱི་ཐལ་མོར་གནས་པ་ཡིན།། གང་ཞིག་སེམས་ཅན་སངས་རྒྱས་གྱུར།། དེ་བཞིན་གཉིས་མེད་ཆོས་ཉིད་ཅན།། གནས་མེད་གནས་པའི་སྦྱོར་བ
281b3 ཡིས། ། ཐམས་ཅད་སངས་རྒྱས་རྣམས་གནས་སོ།། སྣ་ཚོགས་མཚོན་པ་དེ་ཉིད་དོ།། མཐོང་བ་གསལ་བྱེད་ཐལ་མོ་ཡིན།། དེ་བས་དེ་རྣམས་མགུ་གྱུར་པ།། ཆོས་ཀྱི་དེ་ཉིད་རྐྱེན་ལས་སོ།། རྒྱུ་མེད་རང་གི་དེ་ཉིད་འདི།། ཁྱེད་ཀྱི་ཕྱག་རྒྱའི་སྦྱོར་ལས་བྱུང
281b4 གང་ཞིག་ཤེས་པས་འདོད་འགྲུབ་པའི། ། དངོས་གྲུབ་དེས་ནི་ཐོབ་པར་འགྱུར།། ཨ་ཉིད་དེར་ནི་མི་གསལ་བའི།། སྒྱུ་ལས་སྦྱོར་བར་གྱུར་པ་ཡིན།། དོག་པར་དེ་ནི་ཡོད་བཤད་དེ།། དངོས་པོ་མེད་པ་རས་ཀྱིས་མིང་།། དཔགས་པ་གཤིན་རྗེ
281b5 གཤེད་བསྒོམས་ལ། ། གཞོན་ནུའི་གཟུགས་སུའང་བསྒོམ་པར་བྱ།། དག་པ་དེ་ཡི་རས་དོན་ལས།། མི་སྣང་བ་ལ་སོགས་གྲུབ་ཅིང་།། ཡིད་བཞིན་ནོར་བུ་འདྲ་བའི་མཆོག། འགྲོ་བའི་དོན་གཅིག་ཡང་དག་བྱུང་། ཨ་ཡི་དོག་རས་མཚོན་པས་ནི།།
281b6 འཇིག་རྟེན་པ་ལ་དགོངས་པས་བཤད།། འདི་ནི་ཆོས་དང་རྫོགས་ལོངས་སྤྱོད།། སྤྲུལ་པས་དེ་ནི་གསུམ་དུ་འགྱུར།། བྱིས་པ་རྟོག་པར་བྱ་བའི་ཕྱིར།། དེ་ནི་རྣམ་པ་ལྔར་ཡང་འགྱུར།། ཐ་མལ་བྱིས་པའི་ཆོས་རྣམས་གང་།། རྣམ་ལྔ་གཅིག
281b7 པའི་རྣལ་འབྱོར་པ། ། དེ་ཡང་ཤིན་དུ་ལྡན་སེམས་ཅན།། སེམས་ཅན་སོགས་ལ་རྣམ་པར་གནས།། རྟག་པ་ལྟར་ནི་སོ་སོར་སྣང་།། འགྲོ་བ་དུས་གསུམ་མཚན་ཉིད་གཅིག། སྐྱེ་བ་མེད་ལས་སྐྱེས་པས་ན།། གཅིག་དང་དུ་མརྣམ
281b8 སྤངས་པའོ། ། ཤེས་འདོད་དེ་ཚེ་སྔགས་པ་ནི།། འགྲོ་བ་བྱིས་པ་དེ་ཚེ་སྤྱོད།། དེ་ནས་གསང་སྔགས་གྲུབ་འགྱུར་བ།། རྣམ་པ་མི་ཏོག་གཅིག་ཤོས་ཉིད།། ཡ་ཡི་སྡེ་སོགས་གནས་བྱས་ཏེ།། སྔགས་ནི་ན་རི་བྲི་བར་བྱ།། རང་གི་སྡེ་བཅས




iiif viewer powered by OpenSeadragon

281a - 282a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud