e-texts navigator
Collection
Volume
Page
Wylie

281a1 གསུམ་དུ་འགྱུར། ། སྦྱོར་བ་གསུམ་དང་ལམ་གསུམ་སྟེ།། ཇི་སྲིད་རྟོགས་པས་བརྗོད་པ་རྣམས།། དེ་ནི་ཐལ་མོའི་སྦྱོར་འདི་ཡིན།། འདོད་ནོར་ཡོན་ཏན་གསུམ་གྱི་མཆོག། རིམ་དང་བསླབ་པ་སྟེར་བ་དག། མ་འོངས་སྐྱེ་བོས་ཐོབ་པར
281a2 འགྱུར། ། དེ་ཉིད་དུ་ནི་དེར་འགྱུར་ན།། གཅིག་དང་དུ་མར་རྣམ་པར་སྤངས།། ཆོས་བཤད་བཤད་པ་དངོས་མེད་པ།། འགྲོ་བ་རྐྱེན་གྱིས་ཡང་དག་སྡུད།། འདི་ནི་མཁའ་ལྟར་རང་བཞིན་གཅིག། གནས་མེད་གནས་པ་ཞེས་བྱ་བ།། བསྡུ་བར་བྱས།
281a3 པར་གྱུར་པས་ཀྱང་།། སྐུ་གསུང་དོན་གྱི་ཆོས་ཉིད་དོ།། འདི་ནི་ཐོག་མཐའ་མེད་པ་སྟེ།། དངོས་པོ་མེད་ཅིང་གནས་མེད་པ།། མཐའ་མེད་ཟད་པ་མེད་པར་འབྱུང་།། སྐུ་གསུང་དག་ནི་རྐྱེན་ལས་ནི།། རྣམ་པའི་འཇུག་པའི་ཡེ་ཤེས་ཏེ། དེ་ལས་སངས
281a4 རྒྱས་སྙིང་པོར་གྱུར། ། ཧཱུཾ་གིས་སེམས་ཅན་ཡང་དག་འབྱིན།། སངས་རྒྱས་སྐུར་ནི་རབ་ཏུ་བརྟགས།། ཨོཾ་ནི་ཐམས་ཅད་སྡུད་པ་སྟེ།། ཨཱཿནི་གནས་པ་སོར་འགྱུར་རོ།། གཅིག་པུ་རྣམ་གསུམ་དེ་བཞིན་ལྔ།། གསལ་དང་མི་གསལ་དང་སྦྱོར་བ་ནི
281a5 རྟེན་འབྲེལ་ཆོས་ཉིད་འདི་ཡིན་ཏེ། ། དེ་ཉིད་ཀྱི་ནི་སྔགས་བཤད་པའོ།། ཟློས་དང་བསམ་གཏན་རྣམ་བྲལ་བར།། དེ་ཡི་ལྷུན་གྲུབ་འབྲས་བུ་སྟེར།། རང་བཞིན་གྲུབ་པ་འདི་ཡིན་ཏེ།། འདོད་པའི་ཟླས་པར་དེ་བཤད་དོ།། རྣལ་འབྱོར་པ་ལ་དེ།
281a6 གསལ་ཏེ།། བྱིས་རྣམས་དེ་ལ་ཕྱིན་ཅི་ལོག། རྐྱེན་ལས་བྱུང་བ་དེ་ཉིད་གསུམ།། དངོས་པོ་མེད་པར་དེ་བཤད་དོ།། དེ་ཉིད་བསྡུས་པ་བཤད་པ་ནི།། ཡིད་མིན་པ་ཡི་བཟླས་པར་གྱུར།། ཡིད་སྟོན་གཅིག་ནི་མདོར་བསྡུས་ལས།། རིངས
281a7 དང་ངལ་དང་གནས་པ་རྣམས། ། ཞི་བའི་ཆོས་ཉིད་ལ་སྐྱེ་སྟེ།། ནམ་མཁའི་དབིངས་དང་མཉམ་པར་ཐིམ།། དངོས་པ་མེད་པ་འདི་ཉིད་འདི། ཏེན་འཐུང་ཆོས་ཤེས་བྱ་བ་ཡིན། ལོངས་སྤྱོད་རྫོགས་པའི་བསྡུས་དེ་གྱུར།། སྤྲུལ་པ་བསམ་མི
281a8 ཁྱབ་ཅེས་དབེན། ། སྡུད་པ་པོར་ནི་གང་གྱུར་པ།། དེ་ཡང་ཕུལ་དུ་གྱུར་པའི་མིང་།། རྡོ་རྗེ་ལ་སོགས་ཡང་དག་སྦྱར།། སེམས་ཅན་རྣམས་ནི་དེ་སྦྱོར་བྱེད།། དམ་ཚིག་ལ་སོགས་སྔོན་དེ་ནི།། དེ་ཉིད་ཀྱིས་ནི་རྡོ་རྗེ་སྦྱར།། སེམས་ཅན་དགོངས་པའི་སྦྱོར་བ་ཡིས།




iiif viewer powered by OpenSeadragon

280b - 281b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud