e-texts navigator
Collection
Volume
Page
Wylie

280b1 བྱིན་ཤེགལས་ཅན་མེད་དེ།། ལོ་དང་ཟླ་བའི་སྦྱོར་བ་དང་།། རྟག་ཏུ་འཆང་དང་འཕེལ་འགྲིབ་དང་།། དེ་ཉིད་གསུཔའི་སྦྱོར་སྐྱེས་འདི།། དེ་ཉིད་གཅིག་བུ་རྣམ་པ་གནས།། ཞི་བ་ཉིད་ཀྱི་སྦྱོང་ཆོས་ལ།། དེ་ཡང་གཅིག་དང་དྲམ་སྤངས།། ཁྱོད
280b2 དབས་དེ་ནི་འདའ་མ་བྱ། ། དེ་བཞིན་གཤེགས་ཀུན་ཡོད་འགྱུར་བས།། དེན་སྤོང་བར་མ་བྱཞིང། འདི་དག་དངས་མེད་ལ་ལྟོས་པས།། རྣལ་འབྱོར་པ་དེ་ཆོག་ཏུ་འདོད།། གཞན་དུ་ན་མ་རྟོག་ཉིད་ལས་ནི། ངས་གྲུབར་མ
280b3 དག་པ་ཟལ་མ་སྦྱར་བ་འདི། སེམས་ཅན་རྗེས་གཟུང་ངམ་པ་ཡིན།། མ་གཟུང་བ་ཡི་སེམས་ཅན་རྣམས་བཅུབ་ན་བྱེད་ཀྱིས་བྷས་འོན་སུགས་པ་དང་། དེ་བཞིན་ལོང་བར་བྱུང་བ་ད། ཤེག་བ་པ་གང་བྲུབ་དེ་དང།
280b4 ན་ཟན་ལྟར་བྱ།། དེ་ལ་སོགས་པ་མདོར་བསྡུས་པ།། དེ་ནི་ཁྱེད་ཀྱི་ཐལ་མོར་གནས།། དེ་ནི་འཇིག་རྟེན་འདས་གཙོར་གྱུར།། དེ་ཉིད་བསྡུས་པའི་རྒྱུ་ཅན་ནོ།། དེ་ནི་ནང་མིན་ཕྱི་མ་ཡིན།། གཉིས་མིན་གཞན་གྱི་རྒྱུ་ལས་མིན།། ཕྱག་རྒྱ་ཚོགས་པ་ལས
280b5 སྐྱེས་མན། ། འཇིག་རྟེན་རྐྱེན་ལས་བྱུང་བ་མིན།། རྡོ་རྗེ་ཐལ་མོ་བསྡོམས་པས་ནི།། མིང་ནི་དེ་རྗེ་ཐལ་མོར་གྱུར།། སེམས་ཅན་རྣམས་ཀྱི་རྟོགས་དགའ་བའི།། སྙིང་པོ་རྟོགས་པར་བྱ་བ་མཆོག། ཕྱག་རྒྱ་འདི་ལྟ་བུ་འདི་ཡིན།། ཕྱི་ནང་གཉིས་ཀྱི་མིང་ཅན་ནོ།།
280b6 མི་བསྐྱོད་རིན་ཆེན་དཔག་མེད་དེ།། དངོས་གྲུབ་རྣམ་སྣང་དེ་བཞིན་གཤེགས།། འདི་དག་ལག་པ་གཡས་པ་ཡི།། མཐེའུ་ཆུང་ལ་སོགས་རྣམས་ལ་གནས།། གཉིས་པོས་གཅིག་གྱུར་དགེ་འདུན་ཏེ།། དེ་འདི་སྐྱབས་ནི་གསུམ་ཡིན་ཏེ།
280b7 སངས་རྒྱས་ཆོས་དང་དགེ་འདུན་རྣམས།། གཅིག་དང་གསུམ་དུ་བརྟགས་པ་ཡིན།། ཕན་ཚུན་བཅིངས་པའི་རྡོ་རྗེ་ཉིད།། ཤེས་རབ་ཐབས་ཀྱི་གནས་མཆོག་ཡིན།། ཐལ་མོ་བཅིངས་པ་ཙམ་གྱིས་ཀྱང་།། སངས་རྒྱས་ཐམས་ཅད་ཉིད་ཐོབ་འགྱུར།།
280b8 སྐྱབས་གསུམ་དང་ནི་དེ་ཉིད་གསུམ།། རྡོ་རྗེ་གསུམ་དང་རྣམ་ཐར་གསུམ།། ཞལ་གསུམ་མདོག་གསུམ་སྤྱན་གསུམ་དང་།། ལྷ་གསུམ་དང་ནི་ཁམས་གསུམ་དང་།། དུས་གསུམ་དམ་ཚིག་མཆོག་གསུམ་དང་།། ཚུལ་གསུམ་དཀྱིལ་འཁོར




iiif viewer powered by OpenSeadragon

280a - 281a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud