| | e-texts navigator
|
280a1 བསྒྲགས་པ་ཡིན། ། ཡི་གེ་ཕྱེད་ཙམ་མཆོག་གྱུར་པ།། ཤིས་པ་ཞི་བསྐྱོན་མེད་པ།། ཡོན་ཏན་ཨོཾ་དང་ཡི་གེ་བྱེད།། ཨོཾ་ཞེས་གསལ་བར་བརྗོད་པ་ཡིན།། སྣ་ཡི་རྩེ་མོར་ཡང་དག་ལྡན།། གཙུག་མཐའ་དང་ནི
280a2 ལག་པ་གནས། ། ཉི་མ་ཟླ་བའི་སྦྱར་བ་ལས།། ཡེ་ཤེས་མེ་ནི་ངེས་པར་སྐྱེ།། ལྕེ་དང་རྐན་གྱི་མཚན་མ་ནི།། སྦྱོར་ལས་ཐར་བར་དེ་བཤད་དེ།། ཨ།། འོག་ཏུ་ཨ་དང་ཡང་དག་ལྡན།། དེ་སྟེང་ཡི་གེ་ཨ་ཉིད་དེ།། ཐང་ཀ་རུ་ནི་མ་བཤད་དེ། སློང
280a3 ཡིག་ཕྱེད་ཞི་བ་ཉིད། ། ཡི་གེ་ཡོན་ཚངས་པ་སྟེ།། ཨ་ནི་ཁྱབ་འཇུག་ཡིན་པར་བཤད།། ཧཱུ་ནི་རླུང་དུ་གྱུར་པ་ཡིན།། དེ་ཉིད་དྲག་པོ་ཞེས་བྱའོ།། ཞི་བའི་ཕྱེད་ཕྱེད་ཞེས་བྱ་བ།། དེར་ནི་བདག་ཡོངས་བསྒྲགས་པ་ཡིན།། གནས་དང་འཕོ་དང
280a4 བ་དང་། ། གཞན་གྱི་ལུས་ལས་ཡང་དག་འཕོ།། ཡེ་ཤེས་རང་ཉིད་མེད་ཡིན་ཏེ།། ཁྱད་པར་འཛིན་པ་དེ་བཞིན་ནོ།། རལ་གྲི་ལས་སོགས་དངོས་གྲུབ་དེར།། བྱང་ཆུབ་ཕྱི་རོལ་ཉིད་འགྲུབ་འགྱུར།། གཉིས་པོ་འདི་དག་གནས་པ་ཡི།། རྣམ་དག་འདི་དག
280a5 རབ་ཏུ་བརྟག། ཚངས་པ་ལ་སོགས་པ་རྣམས་དེར་།། མ་འོངས་པ་རྣམས་སྒོམ་པར་འགྱུར།། དེ་ནི་མཐོ་རིས་སོགས་འགག་པས། དེ་བཞིན་འབྱུང་བ་སེལ་བ་ཡིན།། རྣལ་འབྱོར་པ་རྣམས་སྲོག་སྤངས་ནས།། གཉིས་སྤང་པར་ནི་རྣམ་པར་གནས།
280a6 ཤིན་ཏུ་སྦྱོར་གཅིག་གྱུར་སོང་བས།། འཇུག་འགྱུར་བ་ནི་དྲག་པོ་ཡིན།། ནམ་མཁའ་དགག་པའི་སྦྱོར་བ་ཡང་།། ཚངས་པར་གཞོལ་བའི་བདག་ཉིད་ཅན།། མངལ་གྱི་གཟུགས་གྱུར་ཁྱབ་འཇུག་སྟེ།། དེ་ཡི་དབུས་ན་དབུས་གཟུང་བ།། སཱ་ཡ
280a7 ཆ་ནི་སྟོང་ལས་གཅིག། ཞི་དེ་རྣམ་པར་མི་རྟོག་ཉིད།། ཐར་པ་གཅིག་པུར་དེ་སྟོན་བྱ།། ཐར་པ་ངོ་བོ་ཉིད་མ་ཡིན།། དེ་ལྟ་བས་ན་འདི་ལོག་བྱ།། ཞི་བ་ཉིད་ནི་སྒྲོགས་པའོ།། སྟོན་པ་དེ་རྣམས་ཕྱེ་ནས་ནི།། ཞི་བའི་ཆོས་རྣམས་སྨྲ་བར་འགྱུར།།
280a8 ཐབས་ཆེན་དེ་བཞིན་ཤེས་རབ་དག། འདི་འདྲ་མཐོང་བར་མི་འགྱུར་རོ།། ཚངས་ལ་སོགས་པའི་ལྷ་རྣམས་ཀུན།། ཁྱེད་ཀྱི་ཐལ་མོ་དག་ལ་གནས།། དེ་རྣམས་ཕྱག་རྒྱ་སྟོན་བྱེད་ཅིང་།། སྔགས་ནི་བྱེད་པ་མཐའ་ཡས་པ།། འདི་ཉིད་དུ་ནི་ཉི་ཟླ་དང་།
iiif viewer powered by OpenSeadragon
279b - 280b