| | e-texts navigator
|
279b1 སྲུ་རིགས་ཅན་རྣམས། ། དོག་པ་མེད་པ་རས་འཇིག་པ།། དེ་དག་ཐམས་ཅད་བརླག་པར་བྱ།། དེ་ནས་རྒྱལ་པོ་སྦྱིན་པ་ནི།། རྒྱུད་ཀྱི་སློབ་དཔོན་བདག་ཉིད་ཚེ།། རིན་ཆེན་རིན་ཐང་མེད་ལྔ་སོགས།། བདེ་བ་ཀུན་གྱི་འབྲས་བུའོ།། འདི་ཡིས་གང་ནི
279b2 གཡེགས་ནམས། ། རྒྱལ་པོ་འབྲས་བུ་ལོངས་སྤྱོད་ཅིག། ཨ་ཡི་དོགས་པརས་ཏེ་བྱིན།། ཇི་ལྟར་སྐྱེ་བཞིན་རྒྱས་པོ་བྱས།། དོན་ཆེན་རིན་ཐང་མེད་བླངས་རྣམས།། འདི་ནི་ཇི་ལྟར་བཞག་ནས་སུ།། དེ་ནས་དེ་ནི་མི་སྣང་བ།། རྒྱུན་ཅན་གྱིས་ནིར་ཚེ་བྱས།
279b3 སོགས་པའི་སྣ་ཚོགས་ཚིག། རིགས་སྐྱེས་པ་ལ་དེ་རྣམས་སྦ།། རང་ཉིད་འཇིགས་ཤིང་གཞན་རྣམས་ཀྱང་།། སྐྲག་པར་བྱེད་ཅིང་ཐེ་ཚོམ་མེད།། དེ་ནས་དེ་བཞིན་གཤེགས་བདག་པོ།། འབྱིན་པ་སྟོན་པ་མངའ་བདག་གཙོ།། ཕྱག་ན་རྡོ་རྗེ
279b4 གེ་བྱེད་པ། ། སྙན་པའི་གསུང་ནི་བཀའ་སྩལ་པ།། རྡོ་རྗེ་རྡོ་རྗེ་ཆེན་པོ་ལེགས།། རྡོ་རྗེ་ཐལ་མོས་སྟོན་པར་བྱེད།། རྡོ་རྗེ་འདི་ནི་ཞུས་གྱུར་པ།། དེ་ཉིད་བསྡུས་པ་དམ་པའོ།། རྡོ་རྗེ་ཐལ་མེ་དེ་ཉིད་འདི།། ལུང་བསྟན་བྱ་ཡིས་དེ་ཉོན་ཅིག། དེ་ཉིད
279b5 གསུམ་དུ་གྱུར་པ་དེ། ། རྡོ་རྗེ་ཐལ་མོར་ཡོངས་སུ་བརྟག། དེ་ཉིད་གསུམ་ནི་ལྷ་གསུམ་སྟེ།། ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ།། དེ་རུ་དེ་ནི་ལྷ་གསུམ་འགྱུར།། ཨོཾ་ཨཱཿཧཱུ~ཾ་དད་གྲངས་མཉས་པའི།། གསང་སྔགས་འཇུག་པ་ཐམས་ཅད་ནི།།
279b6 ངོགས་ལུས་ཅན་གཅིག་མིང་ཅན།། ཞི་བ་ཉིད་ནི་གང་དུ་སྟོན།། དེར་ནི་ང་ཡང་གནས་པ་ཡིན།། དཔལ་ཡོན་དེ་ལ་བཞིན་མི་སྡུག། དེ་ཡི་སྐྱེས་བུ་མིང་ལྡན་མིང་།། དེ་རྣམས་ལག་པའི་དབུས་ནས་ནི།། མཐེ་མ་སོགས་ཇི་བཞིན་གྲངས་སུ
279b7 བཤད། ། ལག་པ་གཡོན་ནི་དྲག་པོར་གྱུར།། གཡས་པ་དེ་བཞིན་ཁྱབ་འཇུག་སྟེ།། གཉིས་པ་སྦྱོར་བར་ཚངས་པ་ཡིན།། དེ་བས་ཡོན་ཏན་གསུམ་བདག་དང་།། རིག་དང་མཆོད་སྦྱིན་སྙན་ཚིག་སྟེ།། རིག་བྱེད་དེར་གྱུར་གསུམ་དུ་བཤད།། སྲིད་སུང་ནི
279b8 བང་ཡིན་ཏེ། ། མཐར་ནི་འགྲོ་བ་གནས་པ་ཡིན།། ལག་པ་གཉིས་པ་འདི་དག་ནི།། བཞི་པོའི་ཕྱེད་ཕྱེད་རྣམ་བརྒྱད་པ།། བྱེད་པོའི་མཚམ་གྱི་ཧཱུཾ་མཆོག་ནི།། རབ་ཏུ་ཞི་བར་རབ་ཏུ་བསྒྲོགས།། ཉི་མ་ཟླ་བ་མི་རྣམས་དེར།། སོ་སོར་ཡོངས་སུ
iiif viewer powered by OpenSeadragon
279a - 280a