e-texts navigator
Collection
Volume
Page
Wylie

279a1 ངག་གིས་ཀྱང་འཁྱེན་དང་ངེ་བའི་ནཉན་ཐོས་རྣམས།། གསང་བ་ལ་ནི་སྲོག་རྒྱུ་བཞིན།། རིགས་སྐྱེས་གཞན་ཡང་ལྟུང་བར་འགྱུར།། མགོན་པོ་དེ་ནི་དེང་གནས་ཤིང་།། ཉམས་ཤིང་བློ་གྲོས་དམན་པར་གནས།། དེ་ནས།
279a2 ཚིག་མིན་གྱུང་བར་འཕྱང།། རེག་ག་དུད་རྩི་སྦྱོང་བ་ལས།། ཆོས་ཀྱི་ཚུལ་འདི་ཐོས་པ་དང་།། ཕྱི་ནས་འཛགས་ཤིང་སྐྲག་པར་འགྱུར།། བྱང་ཆུབ་སེམས་དཔའ་ལྷུང་འགྱུར་བར།། བདག་ཉིད་ཆེ་དེ་བྱེད་པར་འགྱུར།། དེ་བཞིན་བྱང་ཆུབ་འགྱུར
279a3 བ་དང་། ། སྔག་བསང་བ་ལགས།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ།། གསང་བ་མདོ་སྡེ་རྣམ་སྨྲ་བ།། གདོད་གཡོགས་པ་ཡི་སྦྱོར་བ་ཡིས།། དེ་ཚེ་ཚིག་གིས་རིག་སྐྱེས་པ།། གསང་སྔགས་ལས་སོགས་ཆོས་རྣམས་ལ།།
279a4 དད་པ་རྣམས་ནི་སྙེད་མི་མེད་།། ལོག་པས་མཁས་པའི་ང་རྒྱལ་ནི།། བྱིས་པ་ཕྱི་ནས་བྱེད་པར་འགྱུར།། ཨ་ཡི་དོག་པའི་ངས་འདི་ནི།། སྦྱོར་བ་ཤེས་རྣམས་ཀྱི་འདི་མ་ཡིན།། དེ་རྣམས་དད་པས་རྗེས་འཇུག་པ།། གཏམ་དག་ཀྱང་ནི་བྱེད་པར
279a5 འགྱུར། ། སྐུ་ནི་གཡོ་ཡི་ཚུལ་གྱིས་ནི།། རྒྱལ་པོ་རྣམས་ནི་སྐྱེ་བར་བྱེད།། སྟེང་དུ་གཡོགས་པ་དག་གིས་ནི།། བརྒྱད་གཉིས་པ་ཡི་ཚུལ་དུ་བྱེད།། དེ་ནི་མ་སྐྱེས་པ་ཡི་བདག། རས་ཀྱི་རྒྱུ་མེད་པ་ཉིད་ནི།། ཨ་ཡི་དོག་རས་ཉིད་རྒྱལ་པོའི།། ཡང་དག
279a6 དངོས་གྲུབ་བྱེད་པའི་མཆོག། དམ་པའི་སྐྱེ་བ་ཉིད་མཐོང་ན།། དེ་ནི་ལོངས་སྤྱོད་ལམ་སྐྱེད་མིན།། དེ་བས་སྐྱེ་བོ་མེད་གཅིག་པུ།། བྱ་བའི་སེམས་ནི་རབ་ཏུ་འཇུག། དེར་ནི་མཆེ་བ་ཅན་མིང་འགྲོ།། དེ་ལ་བརྩལ་བ་འབའ་ཤིག་ཡིན།
279a7 རྒྱལ་པོ་དངོས་གྲུབ་ཆེན་པོའི་རས།། བར་ཆད་ཤིན་ཏུ་མང་པོ་པ།། བྱ་བ་དེ་ནི་རྣམ་པར་འཇོམས།། སྒྲིབ་པ་མེད་པའི་རྣལ་འབྱོར་ཅན།། དེས་ནི་ཚིག་དེ་ཐོས་པ་དང་།། རྒྱལ་པོའི་བར་དུ་ཡིད་དགའ་ཞིང་། དངོས་གྲུབ་ཆེན་པོའི་རིགས་མཆོག
279a8 ལས། ། སྲ་ཞིག་བདག་ནི་ཟློག་པར་བྱེད།། རས་ཀྱི་བར་ཆད་བྱེད་པ་དག། དེ་ལ་ཆད་པས་གཅད་པར་བྱ།། འདི་ལ་འཇིགས་པའི་སེམས་འོད་ལ།། སྐྱེ་བོ་མེད་པར་ཁྱེད་ཀྱིས་ནི།། རྒྱལ་རིགས་དག་གམ་རིགས་བཟངས་སམ།། གང་ཤིག་མི




iiif viewer powered by OpenSeadragon

278b - 279b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud