e-texts navigator
Collection
Volume
Page
Wylie

278b1 བ་ལགས། ངོས་དབྱིངས་དེ་རྒོད་མ་ལགས་ན།། གཙོ་བོ་ཇི་ལྟར་རྒོད་པར་འགྱུར།། རྨོངས་པའི་འཇིག་རྟེན་རྒྱད་པན་རྒོང་།། གསང་མཐོན་མྱོས་པས་བསྐུལ་བ་ལགས།། ཆོས་དབྱིངས་དེ་སྒེག་མ་ལ་བ་པ་ན།། གཙོ་བོ་ཇི་ལྟར
278b2 སྒེག་པར་འགྱུར། ། མོངས་པའི་འཇིག་རྟེན་རྒྱད་པན་སྒེག། གསང་མཐོང་མྱོས་པས་བསྐུལ་བ་ལགས།། དེ་ལྟར་རྣམ་པ་མང་པོ་ལ།། གཞན་རྣམས་ཀྱང་ནི་སྦྱོར་བྱེད་ཅིང་།། བཟའ་དང་མིན་ལས་སྦྱོར་བ་ཡི།། རྣལ་འབྱོར་པ་ནི་བ
278b3 ཡིན་སྙམ། ། རྡོ་རྗེ་ཡི་རི་ཚིག་མཆོག་འདི།། ཡོད་མེད་རབ་ཏུ་ཞི་བ་ཉིད།། དེ་ཡི་རང་བཞིན་གཅིག་སྦྱོར་བདག། ཡང་དག་མཆོག་བསྡུས་དེ་ཉིད་མཆོག། དེ་ནས་དེ་ཉིད་ཡང་དག་བཟུང་།། རྣལ་འབྱོར་རིགས་མཆོག་རྣལ་འབྱོར་པ། དེ་ཉིད
278b4 གསུམ་མཉམ་ཉིད་སྤོར་ག། སངས་རྒྱས་ཀྱི་ནི་རོལ་མོ་སྟོན།། སྣ་ཚོགས་ཚུལ་གྱིས་རྣམ་དགོད་པས།། ནོར་ཅན་མིང་ནི་ཉམས་ལས་སོགས།། གཅིག་པུའང་དཔག་མེད་དངོས་བཤད་པའི།། གར་གྱིས་སྐྱེ་དགུ་དག་པར་བྱེད།། རྫོགས
278b5 པའི་བྱང་ཆུབ་སོགས་དངོས་གྲུབ། ། སྣ་ཚོགས་བྱེད་ཀྱིས་གསུངས་པ་རྣམས།། སེམས་ཞི་བ་ཡིད་རྣལ་འབྱོར་པ།། དེ་རྣམས་ལྷུན་གྱིས་གྲུབ་པར་འགྱུར།། མགོན་པོ་ཤེས་རབ་འདི་སྲིད་དུ།། ཐབས་ཀྱིས་མཆིལ་པར
278b6 བར་སྦྱོར། ། སྔགས་ཀྱི་གཟན་གྱི་སྦྱོར་བ་ཡིས།། ཁྱེད་ནི་འཇིག་རྟེན་པ་རྣམས་འཛིན།། བཤད་དུ་ཟིན་ཀྱང་མི་རིག་པ།། དགོངས་པའི་གསང་བ་དམ་པ་ནི།། གཞན་རྣམས་པ་ནི་སྟོན་མཛད་པ།། ངོ་བོ་ཉིད་ནི་གཞན་མིན་པའོ།། ཕྱི་རོལ
278b7 སྔགས་དོན་དངོས་གྲུབ་ནི། ། དེ་ཉིད་དུ་ནི་ཚོལ་མོད་ཀྱི།། འགལ་བའི་རྗེས་འཇུག་ཆོས་ཉིད་ཅན།། དེར་ཡང་གྲུབ་པར་འགྱུར་བ་ཡིན།། དེ་རྣམས་གསང་བ་མི་སྲུང་ཞིང་།། སྲེད་པ་ཡིས་ནི་སྟོན་པར་བྱེད།། བཅོམ་ལྡན་འདས་གསུང
278b8 གསང་པ་ནི། ། གསང་མཆོག་ཚིག་གིས་སྒྲོགས་པར་བྱེད།། ཁྱོད་བཀའ་ལས་འདས་དམན་པ་རྣམས།། སྔགས་ཀྱི་ནུས་པ་རྣམ་སྤངས་པ།། འཇིག་རྟེན་པ་རྣམས་སྔར་འགྱུར་ཞིང་།། དེ་རྣམས་འགྲུབ་པར་འགྱུར་མ་ཡིན།། སྲེད་པ་འམ་དད་པ།




iiif viewer powered by OpenSeadragon

278a - 279a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud