e-texts navigator
Collection
Volume
Page
Wylie

278a1 ག་། ན་ན་སྨྲ།། ད་གས་ག་། ག་ཏུ
278a2 གསུང་གིས་བཀའ་སྩལ་ཏོ། ། མཁའ་དང་མཚུངས་ཤིང་མི་རྟོག་ལ།། རང་བཞིན་གྱིས་ནི་དམ་ཆོས་ཅན།། དངོས་མེད་ཤིན་དུ་དྲི་མེད་ལ།། དམ་ཚིག་གཅིག་ཏུ་གྱུར་ཀྱང་ནི།། གང་དང་གྲཝ་དང་རོལ་པོ་དང་།། རྒོད་དང་སྒྲོག་པས་ཟེ
278a3 པས། འཇིག་རྟེན་སངས་རྒྱས་གར་མཁན་གྱིས།། རོལ་མོ་འདི་དག་རབ་ཏུ་བསྒོམ།། གཞོན་ནུས་བསྒྲུབས་པའི་སེམས་ཅན་ནི།། ཇི་ལྟ་ཇི་ལྟར་སྟོན་པ་བཞིན།། གང་སོགས་རྩེད་མོས་བྱང་ཆུབ་ནི།། མྱུར་དུ་དེ་ཉིད་ལས་འཐོབ་འགྱུར།།
278a4 འདོད་པའི་ཡོན་ཏན་ལྔར་ལྡན་པ།། དེ་ཡི་མིང་ནི་ཡིད་ལྡན་པ།། དཀོན་མཆོག་གསུམ་ལ་སྐྱབས་སུ་གནས།། ལྷུན་གྱིས་གྲུབ་པའི་སངས་རྒྱས་འགྱུར།། སེམས་ཅན་གང་འདི་མཐོང་བ་དང་།། ཐོས་ཤིང་རེག་པར་གྱུར་པ་ནི།། དེ་ནི་ཨུ་དུམ་བ
278a5 ར་ཡི་ཁེ་ཏོག་འདྲ་བར་གྱུར་པ་ཡིན། ། སེམས་ཅན་ཀུན་གྱི་གཙོ་བོ་འདི།། གསུང་གི་རྡོ་རྗེ་ཆོས་ཉིད་སྐྱེས།། གཅིག་དང་དུ་མ་ལས་གྲོལ་བ།། ། རྟེན་འབྱུང་གསལ་བར་བྱེད་པ་ཡིན།། དེ་ནས་གསང་བའི
278a6 བདག་མཆོག་དེ། ། ཆོས་ཀྱི་དེ་ཉིད་རབ་སྟོན་པ།། ཐུབ་ཆེན་རྣམ་པར་སྣང་མཛད་ལ།། ཐལ་མོ་སྦྱར་བ་བྱས་ནས་ཞུས།། མགོན་པོ་དེ་ཉིད་བསྡུས་པ་ལས།། རོལ་མོ་འདིར་ནི་གྱུར་པ་དང་།། འཇིག་རྟེན་བདེ་གར་བྱེད་པ།། གསུངས་ཏེ་མ
278a7 འོངས་སྐྱེ་བོ་ན། ། ཆོས་དབྱིངས་དེ་ནི་གར་མིན་ན།། གཙོ་བོ་ཇི་ལྟར་གར་བགྱིད་ལགས།། མོངས་པའི་འཇིག་རྟེན་རྒྱད་པན་གར།། གསང་མཐོན་མྱོས་པས་བསུལ་བ་ཡིན།། ཆོས་དབྱིངས་དེ་གླུ་མིན་ན།། གཙོ་བོ་ཇི་ལྟར་གླ་ལེན་འགྱུར།
278a8 རྨོངས་པའི་འཇིག་རྟེན་རྒྱད་ཕན་གྲུ།། གསང་མཐོང་གྱོས་པས་བསྐུལ་བ་ལགས།། ཆོས་དབྱིངས་དེ་ནི་རོལ་མོ་མིན།། གཙོ་བོ་ཇི་ལྟར་རོལ་མོར་འགྱུར།། འཇིག་རྟེན་རྒྱད་པན་མོངས་རོལ་མོ།། གསང་མཐོན་བྱས་པས་བསྐུམ




iiif viewer powered by OpenSeadragon

277b - 278b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud