e-texts navigator
Collection
Volume
Page
Wylie

277b1 གནས། མཁའ་དབྱིངས་རྡོ་རྗེ་དབུས་གདས་པར།། རྡོ་རྗེའི་དཀྱིལ་འཁོར་བསྒོམ་པར་དེ།། ལུས་དང་ངག་སེམས་ཡི་གེ་ཧཱུ~ཾ།། བསམས་ན་དེ་ནི་བསྐལ་པར་གནས།། བཅོམ་ལྡན་བདག་པོ་རྡོ་རྗེ་གསུ་པ།། དཔ་ཇི་གཏོགས་པ་ས
277b2 གསུངས། ། དགུ་མཐའ་ཅན་གྱི་ལ་གའང་།། སྔགས་ཀྱི་སྐྱེས་བུ་མཆོག་ཏུ་འགྱུར།། བརྗོད་དུ་མེད་ཅིང་མིང་མེད་ལ།། ཤེས་དང་ཤེས་བྱརྣམས་སྤངས་པའང་།། ཀུན་རྫོབ་ལན་ལེགས་གནས་ནས།། ངག་གི་སྔགས་བུ་འདི་བརྗོད་།
277b3 རྡོ་རྗེ་གསུམ་གྱི་རྡོ་རྗེ་ཅན།། རྣལ་འབྱོར་འདིར་འགྱུར་ཕྱིན་ཅང་ནི།། གང་ཞིག་ཀློག་གས་སེམས་ཀྱང་། རྡོ་རྗེ་ཡེ་ཤེས་ལྟ་བུར་འགྱུར།། ཇི་ལྟར་གསང་བའི་རྒྱལ་དབང་པོ།། དགོངས་པ་ལུང་སྟོན་འདིར་གྱུར་པ།། སངས་རྒྱས་ཀུན་ཀྱིས
277b4 ལང་བསྟར། ། ཁྱད་པར་དུ་ཡང་བྱེད་ཀྱིས་རློག། ཀློག་ཅིང་སྒོམ་དང་ལྡན་པར་ནི།། བྲིས་ནས་གང་དུ་འཇོག་གྱུར་པ།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། རིགས་སྐྱེས་རྒྱལ་བའི་སྲས་སུ་འགྱུར།། ཁམས་གསུམ་ཐམས་ཅད་བཅོམ་ནས་ན།།
277b5 བྱང་བར་དེ་བཞིན་གཤེགས་འགྱུར་ཞིང་།། འཁོར་ལོས་སྦྱར་བའི་བུ་བཞིན་དུ།། བྱང་ཆུབ་མྱུར་དུ་དེས་འཐོབ་བོ།། ཁམ་ས་གསུབསྐུ་དང་གསུང་ཐུགས་ཀྱི།། སྔགས་པའི་ཡན་ལག་གྱུར་པ་ནི།། སངས་རྒྱས་འདུས་ལ་བརྟེན་པ་ཡིས།།
277b6 དེ་ནི་དངོས་པོ་མེད་པར་འཇོམས།། དངོས་མེད་གཅིག་ཏུ་རྫོགས་ལོངས་སྤྱོད།། ཕུང་སོགས་ཡན་ལག་དོན་ལས་བྱུང་།། བདེ་གཤེགས་སེམས་ཅན་སྤངས་པ་ནི།། སྔགས་པ་སྔགས་ལས་གྱུར་པ་ཡིན།། ཇི་ལྟར་ནམ་མཁའ་རང་མཚན།
277b7 སྐད་ཅིག་ཀྱང་རི་འདོར་མི་བྱེད།། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང་།། རིགས་ལས་སྐྱེས་པ་བྱིན་གྱིས་རློབ།། དགེ་ཡང་ལུང་སྟོན་ལ་གནས་ནས།། གསང་བ་རིན་ཆེན་ཡང་དག་བསྲུང་།། མིག་བཟུགས་རང་གི་ངོ་བོ་ཉིད།། སྤྱོད་པ
277b8 དགའ་བྱེད་པར་འགྱུར། ། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི།། གསང་བའི་དགོངས་པའི་མིང་ཅན་ཏེ།། སྐུ་དང་གསུངས་ཐུགས་གསང་བ་དང་།། གསང་སྔགས་དམ་ཚིག་དེ་ཉིད་བྱུང་།། དེ་ནི་རིག་པ་སྐྱེས་བུ་མཆོག། བཅུ་གཅིག།




iiif viewer powered by OpenSeadragon

277a - 278a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud