e-texts navigator
Collection
Volume
Page
Wylie

277a1 པའི་བརྡེག་པའོ། ། མེ་བསྐྱོད་ཡེ་ཤེས་ལས་སོགས་པ།། རྡོ་རྗེན་པ་མཁའི་དཀྱིལ་དུ་བསམ།། བངོན་ཤེས་ལྔ་ཡི་སྦྱོར་བ་ཡིས།། སངས་རྒྱས་མཆོག་གི་གནས་སུ་བསྒོམས།། རྡོ་རྗེ་མངོན་ཤེས་རེ་རྗེ།། དས་གས་སོ།
277a2 ཏུ་བཀའ་སྩལ་ཏོ།། རྡོ་རྗེ་ཆེན་པོ་རབ་མཛེས་པ།། རྩེ་ལྔ་པ་ལ་དེ་བཞིན་འབར།། རང་བཞིན་ལྔ་རུ་སྦྱོར་བ་ཡིས།། མངོན་ཤེས་ལྔ་པོར་འགྱུར་བ་ཡིན།། མངོན་ཤེས་ལྔ་ཡི་ཏིང་འཛིན་ལ།། གནས་ནས་བླ་ན་མེད་པ་བརྟག། གཙོ
277a3 མེ་བྷག་མང་པོ་འཁྲུག། རང་སྔགས་འཁོར་ལོ་བསྒོམ་བདུག་རྡོ་རྗེ་ལ་ནི་རབ་དགོད་པས།། རྡོ་རྗེ་མངོན་ཤེས་སྐྱེ་བར་འགྱུར།། ནམ་མཁའ་རྡོ་རྗེ་དབུས་གནས་པར།། འཁོར་ལེ་རྡོ་རྗེ་འབར་འོད་འདྲ།། སངས་རྒྱས་འཇུག་པར
277a4 རབ་བསྒོར་ས་། ། སངས་རྒྱས་མཆོག་དང་འདྲ་བར་འགྱུར།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། ལུས་ལ་རྣམ་པར་སྣང་མཛད་གཞག། སྙིང་ཁར་ཡི་གེ་ཨེ་བསམས་ན།། སྔགས་ལ་མངོན་ཤེས་བསྒོམ་པར་འགྱུར།།
277a5 འགོག་པ་རྡོ་རྗེ་གྱུར་པའི་སེམས།། ན་བ་ཞིག་བདག་ཉིད་བདག་ལས་སྐྱེས།། སངས་རྒྱས་ཀུན་མཆོག་འབྱུང་བ་ཡི།། དཔལ་ལྡན་ཡིད་བཞིན་ནོར་བུར་འགྱུར།། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། དེར་ནི་མི་བསྐྱོད་རབ་ཏུ
277a6 བསྐོད། ། དཱུ་སྟོང་ཁའི་ཟླ་གནས་པར།། བསམ་ལ་སེམས་ནི་དེ་རུ་བཞག། སངས་རྒྱས་དཀྱིལ་འཁོར་དབུས་གནས་པར།། ཚེ་དཔག་མེད་པ་རབ་ཏུ་སྦྱོར།། མ་རི་སིང་ཁའི་ཐིག་ལེར་གནས།། བསམ་ལ་རྡོ་རྗེའི་ཡད་དག་པན
277a7 འདི་ནི་དགོངས་པའི་མཆོག་གི་མཆོག། རྡོ་རྗེ་མི་ཕྱེད་གསུམ་སྦྱོར་སྐྱེས།། འགོག་པའི་དམ་ཚིག་ཡེ་ཤེས་ཏེ།། སངས་རྒྱས་དངོས་གྲུབ་ཆེར་འབྱུང་བའོ།། ནམ་མཁའི་རྡོ་རྗེ་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར
277a8 སུ་གསུང་ཐུགས་ཀྱི་ཡི་གེ་ཨོཾ། ། བསམས་ན་བསྐལ་པ་གཅིག་ཏུ་གནས།། ནམ་མཁའི་རྡོ་རྗེ་དབུས་གནས་པར།། སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ།། ལུས་དང་ངག་སེམས་ཡི་གེ་ཨཱཿ། བསམས་ན་བསྐལ་བདག་ཏུ




iiif viewer powered by OpenSeadragon

276b - 277b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q83 - dgongs pa lung bstan pa zhes bya ba'i rgyud