e-texts navigator
Collection
Volume
Page
Wylie

173b1 དང་ཆོས་ཀྱི་དབྱིག་པ་དང་། ། འགྲོ་ཀུན་སྙིང་སྟོབས་བརྟན་པ་དང་།། ཟ་བོ་དཔུང་བུ་སྙོམ་ལས་དང་།། ཁ་གདངས་སྒྲ་ཆེན་སྟོབས་ཀྱིས་རྩེ།། རྩ་བྲན་དབང་བྱེད་གཡོ་རྒྱུ་ཅན།། གཙོ་བོ་ཆེ་དང་རྟག་ཏུ་དགའ།། ཀློག་ཕྲེང་དང་ནི་དགའ་བྱེད་དང་། དབུས
173b2 འབྱུང་རག་ལྕེ་དང་ནི། ། བདེ་མཆོག་ཨུ་དུམ་འབར་ར་རྨོངས།། པད་མའི་དྲ་བ་པད་མ་བསྐོར།། དག་སྟ་རྨ་བྱ་རཱང་དང་ནི།། རྡོ་རྗེ་དབང་ཕྱུག་རླུང་གི་མིང་།། དེ་ལྟར་ང་ཡིས་བསྟན་པ་ཡིན།། བཅོམ་ལྡན་དྲིས་པའི་རླུང་རྣམས་ཀྱི།། གནས་རྣམས།
173b3 ཀྱི་ནི་དབྱེ་བ་ཡིས།། དེ་དག་གང་ལས་ལྡང་བ་དང་།། མཆོད་པ་རྣམས་སུ་བགྱིད་པ་ལགས།། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། རླུང་གི་གནས་ཀྱི་མཚན་ཉིད་ནི།། འཁོར་ལོ་དྲུག་ལ་ཁྱབ་པའི་རླུང་།། ཆོས་ཀྱི་འཁོར་ལོ་རྟག་ཏུ་གནས།། སྲོག
173b4 ཅེས་བྱ་བས་འགྲོ་ལ་ཁྱབ། ། རྣམ་རྟོག་མེད་པ་མཚན་ཕྱེད་ན།། ནམ་མཁའ་མཆོག་ལས་ཤར་ནས་ནི།། རླུང་གི་རང་བཞིནི་འཇོམས་པར་བྱེད།། རླུང་དེ་དགུ་ཡི་རྣམ་པར་རྒྱུ།། ཆོས་ཀྱི་འཁོར་ལོའི་ཆེན་གནས།། མཚན་ཕྱེད་དུས་ནས་བརྩམས
173b5 ནས་ནི། ། འཁོར་ལོ་དྲུག་ལ་དགུ་བདག་ཉིད།། ཉི་མ་ཕྱེད་ཀྱི་མཐའ་རུ་ནི།། རླུང་རྣམས་ཀྱང་ནི་ལྡང་བར་བྱེད།། ཉི་མ་ཕྱེད་ནས་བརྩམས་ནས་ནི།། འཁོར་ལོ་དྲུག་ལས་དགུ་བདག་ཉིད།། མཚན་ཕྱེད་ཀྱི་ནི་དུས་ཀྱི་མཐའ།། རླུང་རྣམས་གསལ་བར
173b6 རྒྱུ་བ་ན། ། དེ་ཉིད་གནས་ཀྱི་དབྱེ་བ་ཡིས།། སྣ་ཚོགས་པ་ཡི་རྟོག་པར་བགྲོ།། རྣམ་པར་རྟོག་པ་རྣམས་ཕྱེ་ནས།། དེ་དག་མིང་རྣམས་བཤད་པར་བྱ།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། རྒྱགས་དང་ང་རྒྱལ་མངོན་པར་ཞེན།། ཕྲག་དོག་ཁྲོ
173b7 དད་སེར་སྣ་དང་། ། གཡོ་དང་སྐྲ་ལ་ཆ་ལུགས་ངན།། བློ་རྒོར་བརྐམ་ཆགས་གཉིད་དང་ནི།། ཐེ་ཚོམ་དང་ནི་ངར་འཛིན་དང་།། དགའ་དང་ཆགས་བྲལ་དྲེགས་པ་དང་།། འཆ་བ་དང་སྲིད་དང་བག་ཆགས་དང་།། སྐྱར་དང་རྨོངས་དང་འདོད་ཆེན་དང་།། རྩོད་དང་།
173b8 རྩེ་འཇོ་སྤྱི་བརྟོལ་དང་།། ཚུལ་འཆོས་དྲེ་ནས་དང་ཀུན་ནས་གདུངས།། རྣམ་འགྱུར་མ་ཞི་ཤེས་བཞིན་མེད།། བེམས་པོ་ལོག་པའི་ང་རྒྱལ་དང་།། འགྱོད་དང་ཁྲེལ་ནི་མེད་པ་དང་།། གུས་པ་མེད་དང་ཆེས་པ་མེད།། བློ་དམན་ངོ་ཚ་མེད་དང་འཆིང་།། ངོ




iiif viewer powered by OpenSeadragon

173a - 174a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q82 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba