e-texts navigator
Collection
Volume
Page
Wylie

173a1 བཤད་དོ། ། སྟོང་ཉིད་རྡོ་རྗེ་གསང་པད་མ།། རྩ་ནི་རྡོ་རྗེ་དབྱིངས་དབང་ཕྱུག། ཡེ་ཤེས་མཆོག་ཏུ་བདེ་བ་ཆེ།། ལྷན་ཅིག་སྐྱེས་དགའ་ཆད་བྱུང་བ།། རྡོ་རྗེ་དེ་ཡང་རྣམ་རྟོག་རྣམས།། འབིགས་པར་བྱེད་པར་ཡོངས་སུ་གྲགྲ།
173a2 ཕྲེང་བ་དེ་རྣམས་ཀྱི་ཡང་རྒྱུན།། བྱང་ཆུབ་མེ་གྱི་རྣམ་པ། མི་བྱེད་པ་པ་ན་རྗེ་གསུལ། རྣམམ་ཀུན་ཏུ་སྨྲས་པའི། གང་འདུ་བ་དྨོ་མ་ག། དོད་བུས་སུ་ཡོངས་སུ་གྲགས། ཕྲེང་བ་རྒྱུན་ནི་མི་འཆད་པར།། དགའ་བ་རབ་འབབ་བདག་ཉིད་ཀྱིས།། ནམ་རྟོག་རླུང་ཀུན
173a3 འབིགས་པར་བྱེད། ། རླུང་ལ་འབིགས་པར་མི་ནུས་སོ།། ཉིན་དང་མཚན་མོ་རྟག་ཏུ་ནི།། བརྒྱ་དང་བརྒྱད་ལྷག་གསལ་བར་ཡང་།། རྣམ་རྟོག་རང་བཞིན་རླུང་རྣམས་ནི།། འཆང་བ་དག་ནི་འཇོམས་པ་དག། ཇི་ལྟ་བ་བཞིན་རབ་དབྱེ་ཡི།
173a4 རླུང་རྣམས་ཀྱི་ནི་མིང་ཉེན་ཅིག། བཏང་བཟུང་དང་ནི་དུང་ཕྱུར་དང་།། མྱོམ་པ་དང་ནི་ཐོ་ངན་དང་།། བསིལ་བྱེད་དང་ནི་གཡབས་དང་།། ངར་སྣབས་དང་ནི་སྟ་རེ་དང་།། གཟིགས་པ་ཆུ་སྲིན་ཛ་ཤ་དང་།། རྣམ་པར་གཙིགས་དང་མྱོས་པའི་དུས།།
173a5 འདོད་མྱོས་ཆུ་བ་ཆུ་སྲིན་དང་།། སྣ་ཚོགས་སྐྱེད་དང་འདུད་པ་དང་།། སྙོམས་དང་རྔ་དང་སྒྲ་སྒྲོགས་དང་།། རླུང་ལྷ་དང་ནི་གནང་འབིགས་དང་།། མེ་དང་དུས་དང་ཅི་བགྱི་དང་།། རྡོ་རྗེ་མཆོག་སྦྱིན་ཙུ་ཏ་དང་།། སྒྱུ་མ་དང་ནི་ཟླ་བའི་འོད།། ཀམ་ཐ
173a6 ཛ་དང་རིལ་པ་ཅན། ། ཡུངས་ནག་རབ་བཀྲམ་དུས་འགུགས་དང་།། སྡིག་པ་དང་ནི་ཡོན་ཅན་སྟེན།། གྲིམས་མོ་དང་ནི་མགྲིན་པ་དང་།། ཀུན་སལ་མཆོག་སྟེར་སྤྲོ་བྱེད་དང་།། ང་རྒྱལ་མཚོ་དང་ཚོགས་བདག་དང་།། རྩངས་པ་དང་ནི་ས་ཡི
173a7 བློ། ། ཐེག་པ་བཟང་དང་མཆོག་ཏུ་སྐྱེས།། དྲི་མེད་ཕྲུག་གུ་ཉི་མ་དང་།། གསལ་བྱེད་དང་ནི་ཉི་མ་གནོན།། སྟོབས་བཞིན་ང་རོ་དང་ནི་དུས།། སྡོམ་པ་དང་ནི་མཆོངས་ནས་འགྲོ།། སྦྲང་མ་ཁྱ་དང་མཚན་མ་དང་། ཟོད་དང་སྒུང་པོ་དྲང་པོ་དང་།།
173a8 ས་དང་སལ་འགྲོ་མ་དང་།། བྲམ་ཟེ་དང་ནི་སྣང་གྲུར་གནས།། མ་མོའི་རིགས་དང་རྩེ་བསྐྱོད་གམིས་དང་ནི་ང་སྒྲའི་སྤྲིན།། དགའ་བར་བྱེད་དང་མིག་ཡངས་དང་།། དྲི་མེད་འོད་སྲུང་ནེ་ཙོ་དང་།། སྣ་ཚོགས་མཆུ་དང་མིག་མཉམ་དང་།། མཛེས




iiif viewer powered by OpenSeadragon

172b - 173b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q82 - rnal 'byor chen po'i rgyud dpal rdo rje phreng ba mngon par brjod pa rgyud thams cad kyi snying po gsang ba rnam par phye ba zhes bya ba