| | e-texts navigator
|
172b1 ནས་བརྩམས་ཏེ་བདག་བྲད་དུ། ། གཙེ་བས་བདག་ནི་མཆོད་པ་བཞེས།། དེ་ལྟའི་རྣམ་པས་མཉེས་ནས་ནི།། བདག་ཉིད་ཀུན་གྱིས་བླ་མ་མཆོད།། བླ་མའི་ངོ་བོ་རྡོ་རྗེ་འཆང་།། དེ་ཕྱིར་ཡང་དག་བླ་མ་མཆོད།། དེ་ནས་བཅོམ་ལྡན་ཡུམ་བྱ་བ
172b2 རྒྱ། ཡང་དག་མཆོད་ནས་བསྟེན་པར་བྱ།། བསྟེན་པ་ལས་ནི་གང་བྱུང་བ།། ལྟུང་བ་སྐལ་བཟང་བ་ལ་ནི།། སྦོམ་པོ་ལྟ་ཐག་སྦྱོར་བ་ཡིས།། ཡང་དག་པར་ནི་ལོངས་སྤྱོད་བྱ།། དེ་ལས་སྐྱེས་པའི་ཡེ་ཤེས་ནི།། བདེ་བ་ཆེན་པོ་རང་རིག་པ།
172b3 འབྱུང་རྔུབ་པ་ནི་རོ་གཅིག་ཅིང་།། རབ་ཏུ་དགའ་བས་མཆོད་པར་བྱ།། ཧཱུཾ་ཕཊ་སྔགས་ཀྱི་ནོར་བུའི་སྒོར།། བཀོད་དེ་རྡོ་རྗེ་རབ་བསྐྱོད་བྱ།། དགའ་རྣམས་ཇི་ལྟ་བ་བཞིན་དུ།། སྐད་ཅིག་དེ་ལ་སྐྱེས་གྱུར་པ།། དགའ་བའི་སེམས་ཀྱིས་བདེ་བ་ལ།
172b4 རྡོ་རྗེ་བཙུན་མོའི་ཁ་ནས་བརྗོད།། དེ་ཡང་སློབ་མའི་ལག་ཏུ་ནི།། གཏད་ནས་གསལ་བར་འདི་སྐད་བརྗོད།། ཇི་ལྟར་པད་མཆོད་བྱ་བ་ནི།། བྱིས་ལ་ཨ་བ་མཆོག་གི་གདོང་།། གང་ཕྱིར་རྡོ་རྗེ་དབྱིངས་དབང་ཕྱུག། རང་ཉིད་འདི་ཡི་སྙིང་ལ་ཞུགས།
172b5 ཐབས་གཞན་གྱིས་ནི་སངས་རྒྱས་ཉིད།། རྣལ་འབྱོར་པ་ཡིས་ཐོབ་མི་འགྱུར།། ཤིན་ཏུ་ཕྲ་བའི་དངོས་དེ་ཡང་།། བདེ་ཆེན་རྣལ་འབྱོར་པ་ཡིས་རྟོགས།། རབ་ཏུ་འབད་པས་བསྟན་པར་གྱིས།། ལྷན་ཅིག་སྐྱེས་དཀའི་མཚན་ཉིད་ནི།། དབང
172b6 བསྐུར་གང་པོར་གྱུར་པས་ན། ། ཐམས་ཅད་ཇི་ལྟ་བ་བཞིན་ཐོབ།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སློབ་དཔོན་དང་སློབ་མ་བརྟག་པ་དང་དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ།།
172b7 དེ་ནས་དེ་ཉིད་གཞན་ཡང་ཉོན།། རྡོ་རྗེ་འཕྲེང་བའི་དོན་གསལ་བ།། རྒྱུད་རྣམས་ཀུན་ཏུ་སྦས་པ་ནི།། དྲི་བ་གཞན་ལ་བརྗོད་མི་བྱ།། རྡོ་རྗེ་འཕྲེང་བ་ཞེས་བྱའི་མིང་།། དེ་ཡང་ས་ནི་བཅུ་གསུམ་པ།། དགའ་བ་བཞི་ཡི་དོན་གྱི་གནས།། ཐམས
172b8 ཅང་སྟོང་པ་དགའ་བ་སྟེ། ། ངག་གི་སྤྱོད་ཡུལ་རྣམས་ལས་འདས།། གཉིས་པ་ཐམས་ཅད་རྣམ་པར་སྤངས།། སྐལ་བབང་རྣལ་འབྱོར་ཀུན་གྱི་མཐའ།། རྣལ་འབྱོར་མ་ཡི་དག་གི་ཡུལ།། སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང་།། རྡོ་རྗེ་ཕྲེང་བ་ཞེས
iiif viewer powered by OpenSeadragon
172a - 173a