| | e-texts navigator
|
172a1 བགེགས་ནི་འབྱུང་འགྱུར་ཏེ། ། དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེ། དུག་ནི་སྔགས་ཀྱིས་འཇོབས་པ་བཞིན།། སྔགས་ཀྱིས་དག་བྱས་བཅུད་ལེན་བྱེད།། དེ་ཕྱིར་འབད་པ་ཐམས་ཅད་ཀྱི།། སྔགས་ཀྱི་སློབ་མཏོག་བྱས།།
172a2 ནས། ཐ་མ་དབང་བསྐུར་ལ་སོགས་ཀྱིས།། དངོས་གྲུབ་ཕྱིར་ནི་ཇི་ལྟའི་དོན།། དེ་ཕྱིར་དབང་བསུར་སློབ་མ་ནི།། མ་དག་པ་ཡང་དག་པར་འགྱུར།། རྡོ་རྗེ་སེམས་དཔའ་བ་ཆེན་ལ།། དེ་ལ་ལག་ན་རྡོ་རྗེས་ཞུས།། དབང་བསྐུར་ཇི་ལྟར་རྒྱུང་ངུ་ནི། གཙོས
172a3 དཱ་རི་གསུངས་པ་ལགས། ། རྡོ་རྗེ་སེམས་དཔའ་ཐམས་ཅད་མ་ཁྱེན།། ཐེ་ཚོམ་ཐམས་ཅད་གཅོད་མཛད་པ།། དེ་ཁོ་ན་ཉིད་མཁྱེན་པས་ནི།། ལག་ན་རྡོ་རྗེ་ལ་གསུངས་པ།། དོན་དེ་ཇི་ལྟ་བ་བཞིན་དུ།། ང་ཡིས་ཡང་དག་བཤད་ཀྱིས་ཉོན།། དབང་བསྐུར་བ
172a4 དབྱེ་བ་ནི། དང་པོའི་དབང་ནི་གཙོ་བོ་སྟེ།། གཉིས་པ་གསང་བའི་མིང་ཅན་ནོ།། གསུམ་པ་ཀུན་ནས་སྦྱོར་བ་སྟེ།། བཞི་པའི་དོན་ནི་དམ་པའོ།། གཙོ་བོ་དབྱེ་བ་བཅུ་གཅིག་སྟེ།། བཅུ་གཉིས་པ་ནི་གསང་བའོ།། བཅུ་གསུམ་པ་ནི་ཡང་དག་སྦྱོར། བཅུ
172a5 བཞི་པ་ནི་དོན་དམ་སྟེ། ། དབང་བསྐུར་རེ་རེ་ས་རེའོ།། རྣམ་པ་གསུམ་ནི་རྒྱུ་ཡི་དབང་།། བཞི་པ་འབྲས་བུར་ཤེས་པར་བྱ།། དགའ་བ་ལ་སོགས་རིམ་པ་ཡིས།། ཐམས་ཅད་ལ་ནི་ང་ཡིས་ཁྱབ།། མང་ངོ་ཡི་ནི་ཆོས་གསུམ་དང་།། དེ་བཞིན་ཚེས་བཅུ
172a6 ཆོས་བཅུ་བཞི། ། ཡོན་ཏན་བཟང་ལྡན་སློབ་མ་ལ།། བླ་མས་ཆོ་ག་བཞིན་དབང་བསྐུར།། ལུས་ཕྲ་ལོན་བཅུ་དྲུག་ལོན།། གཟུགས་དང་བསྐལ་པ་དག་གིས་བརྒྱན།། སྔོ་བསངས་མིག་ནི་ཡངས་པ་དང་།། སྙིང་རྗེའི་བསམ་གཏན་ཡང་དག་མོས།།
172a7 དགེ་སྟན་དབང་སྐུར་ཐོབ་པ་དང་།། རྣལ་འབྱོར་རྒྱུད་ལ་ལྷག་པར་མོས།། ཡང་ན་ལོ་ན་ཉི་ཤུ་ལོན།། ཉམས་དགའ་བདེ་བ་བྱེད་པ་སྟེ།། དེ་ལས་ལྷག་པ་བསལ་མེད་འགྱུར།། དེ་ནི་དངོས་གྲུབ་རིང་དུ་བྱེད། ལྷག་པར་འཇམ་པའི་བུ་མོ་ལ།། ཆུངས
172a8 འམ་ཡང་ན་སྲིང་མོ་འམ། ། ཡང་ན་བུ་མོའང་དད་པ་ཡིས།། བླ་མ་ལ་ནི་དབུལ་བར་བྱ།། གསེར་དང་རིན་ཆེན་གོས་དང་ནི།། མུ་ཏིག་ཕྲེང་བ་སྣ་ཚོགས་པས།། མཆོད་ནས་བླ་མའི་མདུན་འདུག་ནས།། སློབ་མ་ཡིས་ནི་འདི་སྐད་བརྗོད།། དེང
iiif viewer powered by OpenSeadragon
171b - 172b