| | e-texts navigator
|
171b1 བར་བྱས་པ་རྣམས། ། རྡོ་རྗེ་དབང་ཕྱུག་གསང་ཆེན་བདག། བྱ་བ་སྤྱོད་པའི་རྒྱུད་རྣམས་དང་།། རྣལ་འབྱོར་རྨད་ནི་གང་དུ་ཡང་།། མཆོག་ཏུ་གསང་བ་མ་གསུངས་པ།། རྡོ་རྗེའི་དབང་ཕྱུག་དེ་ཉིད་མཆོག། དྲིས་པའི་ལན་རྣམས་གསལ་པོར་ནི།། ངེས་པར
171b2 ང་ཡིས་རབ་བཤད་བྱ། ། སྐད་ཅིག་གིས་ནི་སྤྱན་ཕྱེ་ལ།། མཆོག་ཏུ་སྤད་བྱུང་སྟོན་མཛད་ལ།། ཐུགས་རྗེས་ཁྱབ་པས་དེ།། དགསུངས།། དེ་ཕྱིར་ཁྱོད་ནི་ལེགས་པར་ཉོན།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེས་ཐུགས་བརླན་ཅིང་ཐེ་ཚོམ་ཐམས་ཅད
171b3 གཅོད་པ་ལ་ཕྱག་ན་རྡོ་རྗེས་གསོལ་པ་བཏབ་སྟེ། མཆོག་ཏུ་གསང་བའི་ཚིག་གི་བཤད་པ་གསུངས་པ་ནི།། དབང་བསྐུར་བ་ནི་གཙོ་བོ་སྟེ།། དངོས་གྲུབ་ཐམས་ཅད་རྟག་ཏུ་གནས།། དེ་ཡིས་ཇི་བཞིན་དོན་བཤད་ཀྱིས།། དེ་ཕྱིར་ཐོག་མར་ཡང་དག་ཉོན
171b4 ཐོག་མར་སློབ་མ་གང་གི་ཚེ། ། བློ་ལྡན་ཡང་དག་དབང་བསྐུར་ན།། རྫོགས་པའི་རིམ་པའི་རྣལ་འབྱོར་ལ།། དེའི་ཚེ་ན་སྡོད་དུ་འགྱུར།། ཡང་དག་དབང་སྐུར་གྱིས་དབེན་ན།། སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་།། སློབ་དཔོན་སློབ་པ་ཚུངས་པར
171b5 ནི། ། མི་ཟད་དམྱལ་བ་ཆེན་པོར་འགྲོ།། དེ་ཕྱིར་ཡང་དག་བླ་མ་ནི།། རབ་ཏུ་གུས་པས་བསྙེན་བཀུ་རུ་བ།། དབང་བསྐུར་ཐོབ་ཅིང་དེ་ཉིད་ཤེས།། བློ་ལྡན་སྙིང་རྗེའི་བདག་ཉིད་ཅན།། ཟབ་ཅིང་རྒྱ་རེ་དྲི་བ་མེད།། གནོད་དང་འཚེ་བ་རྣམ་པར་སྤངས།། བསྐལ
171b6 བཟངས་ལུས་ནི་རྫོགས་པ་དང་། ། མཚན་དང་དཔེ་བྱད་རྣམ་པར་བརྒྱན།། ཆགས་པ་ཆེ་ལ་གཅིག་ཏུ་དགའ།། ཡུལ་ལ་ཕྲག་དོག་རྣམ་པར་སྤངས།། བག་ཡོད་རྟག་ཏུ་དགའ་བ་དང་།། རྣལ་འབྱོར་པ་ཡི་མངལ་ནས་སྐྱེས།། རྡོ་རྗེ་ཐེག་ལ་གཅིག
171b7 ཏུ་མོས། ། ཐེག་པ་སྨད་ལ་རྒྱབ་ཀྱིས་ཕྱོགས།། དེ་ལ་སོགས་པའི་ཡོན་ཏན་ལྡན།། བླ་མ་སློབ་མས་བསྙེན་བཀུར་བ།། ཡང་དག་བླ་མ་རྙེད་ནས་ནི།། སློབ་མའི་རང་བཞིན་དྲི་མ་དམས།། ངག་དང་རྟོགས་དང་སྨ་བྱས་ནས།། ཇི་བཞིན་ཡེ་ཤེ
171b8 བཟང་དང་ལྡན། ། ཇི་ལྟར་རིན་ཆེན་བདར་བ་དང་།། གསེར་ནི་བསྲེགས་དང་བཅད་པས་བརྟག། དེ་བཞིན་དུ་ནི་སློབ་མ་ཡང་།། ལོ་ན་བཅུ་གཉིས་རབ་ཏུ་བརྟག། དེ་ཕྱིར་ཕན་ཚུན་དེ་ལྟ་བུས།། དུས་ཀུན་དུ་ནི་དེ་ལྟར་བརྟགས།། གཞན་དུ
iiif viewer powered by OpenSeadragon
171a - 172a