| | e-texts navigator
|
171a1 སྦྱིན་བསྲེག་ཅི། ། བདུད་རྩི་ལྔ་ན་བཟའ་བ་དང་།། རྣལ་འབྱོར་མ་ཚོགས་འདུས་པ་དང་།། དེ་བཞིན་གསང་བའི་བརྡའ་དང་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། དཀྱིལ་འཁོད་དཔས་ནི་ཇི་ལྟར་གསུངས།། སངས་རྒྱས་དམ་ཆོམ
171a2 དགེ་འདུན་གྱི། ། པིང་རྣམས་བཤད་པ་ཇི་ལྟ་བུ།། བྲ་མ་སྟོན་པ་སློབ་དཔོན་དང་།། རྡོ་རྗེ་འཆང་ནི་བཤད་པ་ཅི།། སློབ་མའི་ཡོན་ཏན་གང་ལྡན་ན།། རྣལ་འབྱོར་རྒྱུད་ཀྱི་སྣོད་དུ་འགྱུར།། དེ་ཡི་སྤྱོད་པའི་དབྱེ་བ་རུ།། དེ་ཡི་འབྲས་བུ་ཇི་ལྟ་བུ་ཞི་བ
171a3 རྒྱས་པ་དབང་དང་ནི། ། དེ་བཞིན་གསར་དང་བསྐྲད་པ་དང་།། རིས་པར་བྱེད་པ་ཉིད་དང་ནི། ལྟང་བསྒྲུབ་པར་མྱོད་པ་དང་། བྱལ་ནི་བདོན་སྤྱོད་དང།། སྔགས་ཀྱི་ཚིག་ནི་ཅི་ཞིག་དང་།། མགོན་པོ་ཁྲོ་བོའི་བཟླས་པ་ཅི།། དངོས་གྲུབ་བརྒྱད་ནི་ཐོབ་པ་དང་།། མངོན་ཤེས་ལྔནི
171a4 ཇི་ལྟར་ཐོབ། ། རྣལ་འབྱོར་རྣམས་ཀྱི་དེ་ཉིད་མཐོང་།། སྐད་ཅིག་གཅིག་ལ་མངོན་བྱར་ཆུབ།། ལུས་བསྟན་པ་དང་རྒས་པ་མེད།། བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་།། གསེར་འགྱུར་སོགས་ཀྱི་སྦྱོར་བ་དང་། རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ།། འགྲོ་བའི
171a5 བླ་མ་ཇི་ལྟར་འཐོབ། ། ལུས་ཀྱི་རང་བཞིན་གཞལ་ཡས་ཁང།། དེ་ནི་རང་བཞིན་ཇི་ལྟ་བུ།། འདིས་ནི་གནས་སོགས་ཇི་ལྟར་གནས།། ཐིམ་དང་ལོངས་སྤྱོད་བདག་པོ་དང་།། རླུང་ནི་གང་གི་མཚན་ཉིད་ཅི།། དེ་དག་འཇིགས་པར་ཇི་ལྟར་འགྱུར།
171a6 དེ་ལྟར་དྲི་རིག་རྫོགས་པ་དང་།། ལག་ན་རྡོ་རྗེ་ཐལ་སྦྱར་ཏེ།། འགྲོ་བའི་བླ་མའི་མདུན་འདུག་ནས།། ལུས་ཀྱི་ཕྱག་བྱས་དེ་ནས་ནི།། གཙོ་བོས་རྡོ་རྗེ་སེམས་དཔའ་ལ།། ལེགས་སོ་བྱ་བ་བྱིན་ནས་ནི།། ཚངས་དབྱངས་ཟབ་མོ་སྙན་པ་ཡ་སི།།
171a7 འགྲོ་བའི་མགོན་པོས་གསུངས་པ་ཡིན།། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་གསོལ་བ་གདབ་པ་དང་།། དྲི་བ་དང་། སློབ་མའི་ལས་ཉིད་ལ་སོགས་པ་རྒྱུད་ཀྱི་གླིང་བཞིའི་ལེའུ་ཞེས་བྱ་བ་སྟེ་དང
171a8 པོའོ། ། །། དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས།། དེ་ཉིད་གསུང་གི་འགྲོ་མགོན་གྱིས།། ལག་ན་རྡོ་རྗེ་ལ་བོས་ཏེ།། ཡང་དག་ངེས་པ་ངེས་བཤད་པ།། སྙིང་པོའི་དོན་ནི་དོན་བསྡུས་པ།། དབྱེ་བར་དཀའ་བའི་དངོས་པོ་ཀུན།། ཁྱོད་ཀྱིས་དྲིམ
iiif viewer powered by OpenSeadragon
170b - 171b