| | e-texts navigator
|
169a1 འཕྲུལ་མཐོང་ནས་ཤིན་ཏུ་མིག་གདངས་ཏེ་བཅོམ་ལྡན་འདས་ལ་དབྱངས་གཅིག་གིས་ཡང་དག་པར་འདོད་དོ། ། བཅོམ་ལྡན་རོ་གཅིག་གྱུར་པ་ཡི།། ལྷན་ཅིག་སྐྱེས་པའི་དགའ་བས་ཀྱིས།། བཅོམ་ལྡན་མཆོག་ཏུ་ལོས་གྱི
169a2 ངག་གི་ལས་ཀྱི་སྤྱོད་ཡུལ་འདས། ། བཅོམ་ལྡན་ཉིད་ཀྱིས་དགྱེས་ཉམས་ལྟར།། འགྲོ་བ་གསུམ་པོ་ཡང་དག་བདེ།། སེ་མའོ་ལྷན་ཅིག་སྐྱེས་བདུད་རྩི།། རོ་བསྟེན་ཐུགས་རྗེ་ཆེར་པོ་སྐྱེ།། བཅོམ་ལྡན་སེམས་ཅན་ཐམས་ཅད་ཀྱི།། སེམས
169a3 ཅན་དོན་ཀུན་གསལ་བར་མཛད། ། དེ་ཉིད་གསུམ་གྱི་རོ་གཅིག་པ།། ཕྱག་རྒྱ་ཆེན་པོ་རབ་དབྱེ་བ།། བཅོམ་ལྡན་རྣལ་འབྱོར་ཆེ་ལ་དགྱེས།། འཆིང་བ་ཐམས་ཅད་གཅོར་མཛད་ཀྱི།། བཅོམ་ལྡན་དགྱེས་པ་ཆེར་མཛད་ཅིང་།། འགྲོ་བ་སྐལ་བཟང་རྗེ
169a4 པར་མཛད། ། ཨེ་མའི་རྡོ་རྗེ་ཐེག་པ་བདེ།། རབ་ཏུ་དགའ་ཞིང་མགུ་བ་སྩོལ།། ཨེ་མའོ་སྔགས་ནི་རབ་རྒྱས་པ།། རང་བྱུང་གོ་འཕང་སྒྲུབ་པ་པོ།། ཨེ་མའོ་ཤིན་ཏུ་ཟབ་མོའི་ཆོས།། དམིགས་པ་མེད་པ་སྟོན་པར་མཛད།། ཨེ་མའོ་རྡོ་རྗེ་འཆང་ཆེན་གཙོ།
169a5 གསང་བའི་དབང་པོ་ཤིན་ཏུ་གསང་།། ཨེ་མའོ་མཆོག་ཏུ་བྱང་ཆུབ་པ།། ཨེ་མ་སྤྲོས་པ་རྣམས་སྤངས་ཤིང་།། བདེན་པའི་དོན་ནི་གསལ་མཛད་པ།། ཐེག་པའི་སྒྲོན་མས་སྣང་བར་མཛད།། མགོན་པོ་བདག་ཅག་ཁྱེད་དྲིན་གྱིས།། རྡོ་རྗེ་སེམས
169a6 དཔའི་གོ་འཕང་ཐོབ། ། མགོན་པོ་བདག་ཅག་ལམ་ལོག་ཞུགས།། ཁྱེད་ཀྱིས་ཡང་དག་ལམ་ལ་བགོད།། མགོན་པོས་བདག་ཅག་མུན་པར་འཐོམས།། ཡེ་ཤེས་སྣང་བ་ཐོབ་པར་མཛད།། དམ་ཚིག་རྡོ་རྗེ་ཉི་མ་སྐྱེ།། ཕྱག་རྒྱ་ཆེན་པོའི་དོན
169a7 སྟོན་མཛད། ། བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། ཐུགས་རྗེའི་ཕྱག་རྒྱ་ཆེ་བདག་ཉིད།། ཕྱག་འཚལ་གཉིས་མེད་དགའ་བའི་མཁའ།། དགའ་བའི་ཟླ་བ་ཁྱེད་ལ་འདུད།། ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདྲ།
169a8 ལ་བསྟོད་པ་མཛད་ནས་སླར་ཡང་འདུས་པར་གྱུར་ཏེ། རྡོ་རྗེའི་འཕྲེང་བ་མངོན་པར་བརྗོད་པ་ཞེས་བྱ་བ་ཤིན་ཏུ་ཕྲ་བའི་ས་ཇི་ལྟ་བའི་ངོ་བོ་འདྲི་བར་འདོད་ནས་ཡིད་ལ་བྱེད་པ་གཅིག་པ་དང་། སེམས་རྩེ་གཅིག་གིས་དགའ་བར་བྱེད་པའི
iiif viewer powered by OpenSeadragon
168b - 169b