| | e-texts navigator
|
168b1 སྐྱེས་པའི་རྗེ་དང་། གཞན་ཡང་དངག་ཏུ་མ་པའི་ཟག་པས་ལག་པར་ཐལ་བར་བྱང་ཆུབ་མམས་དཔའ་སམས་དང་ཅན་པ་རྣམས་དཔས་གཅག་ཏུ་བགྲགས་པ། མ་ལྡན་མ་ལ་ལ་མདུན
168b2 རུ་སྐོར། སངས་རྒྱས་ཀྱི་མཛད་པ་ཤིན་ཏུ་ཡོངས་སུ་མཐར་བྱིན།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངས་སུ་རྫོགས་པ་དེ་འཁོར་ལ་ཞལ་རབ་ཏུ་འཛུམ་པར་བཅས་པས་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས
168b3 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྒྱ་ཆེན་པོ་རྣམས་ལ་གཟིགས་ནས། དེ་ནས་སྡོང་དུ་རུང་བར་བྱ་བའི་ཕྱིར་རྡོ་རྗེ་ཕྲེང་བ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ཐེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།
168b4 བ་སྤུའི་བུ་ག་ཐམས་ཅད་ལས་འོད་ཟེར་གྱི་དྲ་བ་ཆེན་པོ་སྐྱེ་ཏེ་བཞུགས་སོ།། འོད་ཟེར་གྱི་དྲ་བ་ཆེན་པོ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམམ་ལ་རེག་པས་མཆོག་ཏུ་དགའ་བ་ཐོབ་པ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན
168b5 བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཇི་ལྟ་བ་བཞིན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཉིད་དགའ་བ་དང་བདེ་བ་དང་མཆོག་ཏུ་མགུ་བ་སྐྱེས་ནས་རྒྱལ་བར་གྱུར་ཏོ།། དེ་ནས་ཡང་དེའི་དུས་སུ་བཅོམ
168b6 ལྡན་འདས་ཀྱི་མཛོད་སྤར་འོད་ཟེར་གྱི་དྲ་བ་ཆེན་པོ་བསྡུས་པར་གྱུར་ཏེ། བསྡུས་པ་དེ་ཡང་རྡོ་རྗེའི་ལམ་ནས་ལྕགས་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་ཆེན་པོ་ཉེ་བར་ཕྱུང་བར་གྱུར་པ་དེས་རྒྱལ་བ་དེ་དག་ལ་རེག་ནས་རྡོ་རྗེ་ཕྲེང་བ་ལྟ་བུ་ཉིད
168b7 རྡོ་རྗེའི་ལམ་ནས་གཙུག་ཏོར་གྱི་འཁོར་ལོ་ལ་ཞུགས་ནས་གནས་སོ། ། སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བདེ་བ་ཆེན་པོ་རྗེས་སུ་མྱོང་བར་གྱུར་ཏེ། རྡོ་རྗེའི་ཡི་གེ་ཧཱུཾ་བརྗོད་པ་དེ་ཉིད་ཀྱིས་བདེ་བ་ཆེན་པོ་དེ་ཉིད་ཉམས
168b8 ས་མྱོང་བ་ཉིད་ཀྱི་ཐུགས་ཁའི་ལྟེ་བའི་རྩ་སྦུབས་ནས་འོད་ཟེར་ཆེན་པོ་ཕྱུང་སྟེ་རང་རང་གི་སྟན་ལ་འཁོད་པར་གྱུར་ཏོ། ། དེ་ནས་དེ་རྣམས་ཆུའི་གཏིང་ནས་འཐོན་པ་ལྟ་བུར་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ངོ་མཚར་ཆེན་པོའི
iiif viewer powered by OpenSeadragon
168a - 169a