e-texts navigator
Collection
Volume
Page
Wylie

166a1 བས། སེམས་ཅན་སངས་རྒྱས་མི་མཉམ་མཉམ།། བསྒྲུབ་བྱ་སུ་ཡིན་སྒྲུབ་པོ་གང།། སྒྲུབ་པའི་དབང་པོ་བདག་ཉིད་ཆེ།། སངས་རྒྱས་ཐམས་ཅད་གསོད་པ་ཡིས།། ཇི་ལྟར་སྡིག་པས་གོས་མི་འགྱུར།། གལ་ཏེ་གོས་འགྱུར་འབྲུ
166a2 བྱ་གང་། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣབས་པ་ལེགས་སོ་གས་སོ་ཞེས་བྱ་བ་བྱིན་ཏེ། སེམས་དཔའ་ཆེན་པོ་ལེགས་སོ་ལེགས།། བདག་ཉིད་ཆེན་པོ་ལེགས་སོ་ལེགས།
166a3 གསུང་དབྱངས་ཆེན་པོ་ལེགས་སོ་ལེགས།། མཆོད་པ་ཆེན་པོ་ལེགས་སོ་ལེགས།། སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན།། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན།། སྐྱེད་དང་བདུད་པར་མཛད་པ་པོ།། དེས
166a4 ན་དེ་ཡི་སྡིག་མི་འགྱུར། ། བསོད་ནམས་དག་ཀྱང་དེ་བཞིན་ནོ།། གང་ལ་སྡིག་དང་བསོད་ནམས་མེད།། དེ་ནི་བྱང་ཆུབ་ཡིན་པར་གསུངས།། མགོན་པོ་དེ་ཡི་སླུ་བ་ཡིས།། ལུས་ཅན་ཐམས་ཅད་འཇིག་མཛད་ཀྱང་།། ངན་འགྲོར་སྐྱེ་བར་མི་འགྱུར།
166a5 ཞིང་བྱང་ཆུབ་ཀྱང་ནི་རྙེད་མི་དཀའ།། སྔོན་ནི་མི་ཟད་ལས་བྱས་པས།། གལ་ཏེ་དམྱལ་བ་རྣམས་སུ་ནི།། སྐྱེ་བོ་སྐྱེ་འགྱུར་དེ་རྣམས་ཀྱི།། དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ།། བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འདི།། ཡེ་ཤེས་ཀྱིས་ནི་རྒྱས་བཏབ་པ།
166a6 སེམས་ཅན་རྣམས་ལ་སྦྱོར་བ་དེས།། མཆོག་ཏུ་ཕན་བཏགས་ཤེས་པར་བྱ།། ཚད་གཅོད་པ་དང་རྗེས་བཟུང་ལས།། བདག་ཉིད་ཆེན་པོ་དེ་ཡིས་བྱ།། སྒྲུབ་པ་ཆེན་པོའི་མཐར་ཐུག་པར།། བྱས་ནས་ལས་རྣམས་བརྩམ་པར་བྱ།། དེ་ནས
166a7 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་རྡོ་རྗེ་ཅན་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་ཆོས་ཐོས་པས། དགའ་ཞིང་རབ་ཏུ་དགའ་ལ། མགུ་པའི་ཡིད་ཀྱིས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། མགོན་པོ་ཆེན་པོ
166a8 ལེགས་སོ་ལེགས། ། ཐུབ་པ་ཆེན་པོ་ལེགས་སོ་ལེགས།། ཆོས་རྣམས་ཆེན་པོ་ལེགྲ་སོ་ལེགས།། ཐུགས་རྗེ་ཆེན་པོ་ལེགས་སོ་ལེགས།། ཨེ་མའོ་ཀུན་དུ་བཟང་པོ་ཡི།། ཐུགས་རྗེ་ཆེན་པོ་དྲི་མ་མེད།། གདུག་པའི་མི་བཟད་ལས་ཀྱིས་ཀྱང་།།




iiif viewer powered by OpenSeadragon

165b - 166b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po