e-texts navigator
Collection
Volume
Page
Wylie

165b1 པར་བྱ། དེ་ནས་བཀའ་བ་རོས་ཐོ་བ་ནི།། སྣ་ཚོགས་ཚོགས་ཀྱིས་བཀོད། རྣམས།། སྒྲུབ་པ་རྡོ་རྗེ་ཅན་གྱིས་ནི།། བསྲུབ་བྱགསང་དཕྱིར་གཏང་བར་བྱ།། ཁྲོ་བོའི་རྒྱལ་པོ་དེས་བསྐོར་ནས།། དེ་ནི་བཅིང་ཞིང་བརྡེག་པ་དང་།། དེ་ནས་ག
165b2 ཤིང་སྐྲག་གྱུར་བ། ། སྒྲུབ་པ་པོས་ནི་དགུག་པར་བྱ།། རྡོ་རྗེ་གསུམ་གྱི་སྔགས་ཀྱིས་ནི།། དེ་ཡི་གཟུགས་བརྙན་ལ་པབ་ནས།། སྔགས་པས་ཛ་ང་དག་གིས་ནི།། ས་བོ་མགྲིན་པ་སྙིང་ཁ་རུ།། ཕུར་བུའི་སྔགས་ཀྱི་ཕུར་བུ་གང་ག། ཡམས
165b3 དང་ཉེ་བར་འཚོ་བ་སྟན། ། སྣ་ཚོགས་ཡུལ་ལས་བྱུང་བ་རྣམས།། གཟུགས་དེ་ལ་ནི་པབ་ནས་སུ།། དེ་རྣམས་ཀྱི་ནི་པུར་བུས་གང་བ།། དེ་ནས་སྦྱོར་བ་ཐམས་ཅད་ཀྱིས།། ཆོ་ག་ཇི་སྐང་གསུངས་པ་བཞིན།། འཁྲུལ་འཁོར་སྔགས་ཀྱི་སྤྱོད
165b4 ལ་སོགས། ། ལས་ཀྱི་དབྱབས་སྦྱོར་བར་བྱ།། མཚན་མ་མཚན་ནས་བཟླས་པ་འམ།། ཁྲོ་བོའི་དཀྱིལ་འཁོར་སྦྱིན་བསྲེག་གམ།། བསྒོམ་པས་བདུག་པའི་སེམས་ཅན་གྱིས།། ཟོས་པར་གྱུར་པར་རབ་ཏུ་བརྟག། ཞི་ལ་ཞི་བའི་སེམས་ཀྱིས
165b5 བྱ། ། རྒྱས་ལ་དགའ་བའི་ཡིད་ཀྱིས་ཏེ།། དབང་ལ་ཚོགས་པའི་ཡིད་དུ་བྱ།། ཁྲོ་ལ་གཏུམ་པས་རབ་ཏུ་བསྒྲུབ་ཅེས་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེ
165b6 དཔའ་ཆེན་པོ་དེ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་བཅད་པ་མཛད་ནས། ། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་བཞུགས་པར་རང་གི་སྐུ་དང་གསུང་དང་ཐུག
165b7 ཀྱིས་དམིགས་ནས་ཅང་མེ་གསུང་བར་བཞུགས་པར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ།།
165b8 ཐམས་ཅད་སུ་ཁྱོད་ཕྱག་འཚལ་ལོ།། ཐམས་ཅད་གསུང་ལ་ཕྱག་འཚལ་འདྲད།། ཐམས་ཅད་ཐུགས་ཁྱེད་ཕྱག་འཚལ་ལོ།། ཐམས་ཅད་མཛད་ལ་ཕྱག་འཚལ་འདུད།། སྐུ་གསུང་ཐུགས་ནི་རྗེ་འི།། མུ་གསུང་ཐུགས་ནི་བོ་འགྱུར།




iiif viewer powered by OpenSeadragon

165a - 166a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po