e-texts navigator
Collection
Volume
Page
Wylie

164b1 རང་གི་དཀྱིལ་འཁོར་ལ་གནས་སྟེ། ། སེམས་དེ་ཡེ་ཤེས་གཟུགས་ཀྱིས་ནི།། བསྒོ་བ་པ་ཉེ་བར་བསྒྲུབ་པའོ།། ཇི་སྲིད་མཐོང་བ་དེ་སྲིད་དུ།། རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ།། འདོད་པ་ཀུན་ལ་ལོངས་སྤྱོད་པས།། ཐམས་ཅད་དུ་ནི་རྟག་ཏུ་བྱ།།
164b2 ཏེ་ཟླ་བ་དྲུག་གིས་རི།། རྗེ་སང་གསུངས་པ་མ་མཐོང་ན།། ཇི་སྐད་བཤད་པའི་ཆོ་ག་དང་།། སྡོམ་པས་ལན་གསུམ་བརྩམ་པར་བྱ།། དེ་ལྟར་བྱས་ཀྱང་སྒྲུབ་པ་པོས།། མཐོང་བ་འབྱུང་བར་མ་གྱུར་ཅིང་།། གང་ཚེ་བྱ་བ་མ་གྲུབ་ན།། དྲག་ཤུལ་སྤྱོད།
164b3 སསྒྲུབཔ་ལ་དེ་རེ་དེ་ཡི་ཡེ་ཤེས་ནི།། འགྲུབ་པ་ངེས་པར་ཉེ་བར་འབྱུང་།། རིགས་ཀྱི་དབྱེ་བའི་སྦྱོར་བས་ནི།། རྡོ་རྗེ་པུར་བུས་ཕུར་བུ་གདབ།། དེ་ནས་དབང་དུ་བྱ་བ་དང་།། བསྲུང་བའི་སྦྱོར་བ་དག་ཀྱང་བྱ།། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས།།
164b4 ཤེས་འཁོར་ལོ་ཅན་རྣམས་བསྡུ།། ལྷ་མོ་དགུ་ནི་སྤྲོས་ནས་ས།། བསླབ་པར་བྱ་བའི་ལུས་ལ་དགོད།། ཡོངས་སུ་གྱུར་ལས་ཕྱག་བརྒྱ་བཞིའི།། དཀྱིལ་འཁོར་དེར་ནི་བརྟག་པར་བྱ།། བདག་ཉིད་དབུས་སུ་གནས་བྱས་ལ།། འཁོར་ལོ་ཅན
164b5 ཀུན་བསྡུ་བར་བྱ། ། ཐམས་ཅད་རྡོ་རྗེའི་དངོས་བྱས་ལ།། དེ་འོག་བྱང་ཆུབ་བསྒོམ་པར་བྱ།། བསྐུལ་བའི་གླུ་དབྱངས་གཞི་ཡིས་ནི།། ལྷ་མོས་སྙིང་པོ་བསྐུལ་བ་ཡིས།། དུས་གསུམ་རྡོ་རྗེའི་རང་བཞིན་སེམས།། ཡེ་ཤེས་ལྟ་བུར་ལུས
164b6 བསྒོམ་མོ། ། དྲེགས་པས་ཁ་དོག་རྣམ་པར་དབྱེ།། དེ་བཞིན་ཉམས་ཀྱི་སྙིང་པོ་སྟེ།། དབང་བསྐུར་བས་ནི་རང་གི་རྒྱུ།། གཞི་ཡིས་འབྲས་བུ་ཕྱེ་བ་ཡིན།། སྔགས་ཀྱི་ཆོས་ནི་བྱེད་འགྱུར་ལ།། རིག་པའང་ཆོས་ཀྱི་ཕྱག་རྒྱས་སོ།། འཁོར
164b7 ལོས་སྒྱུར་བའི་རྒྱལ་པོ་དྲུག། གཙུག་ཏོར་ཞེས་ནི་རྣམ་པར་གྲགས།། རྫུ་འཕྲུལ་ཆེན་པོ་ལོངས་སྤྱོད་པའི།། རིག་པའི་རྒྱལ་མོ་ཞེས་བྱར་གྲགས།། དེ་བཞིན་རྡོ་རྗེའི་བདག་པོ་རྣམས།། འདོད་པ་ཐམས་ཅད་ཅེས་པར་བཤད།། བསམ་གཏན
164b8 རྡོ་རྗེ་ཐམས་ཅད་ལ། ། དབང་བསྐུར་བ་ནི་རབ་ཏུ་བསྔགས།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཡེ་ཤེས་ལུས་དང་ལྷན་ཅིག་ཏུ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། གཉིས་སུ་མེད་པར་བྱེད་སྒྲུབ་པ།། སྔར་བཤད་པ་ཡི་རིམ་གྱིས་ནི།། རིག་པའི




iiif viewer powered by OpenSeadragon

164a - 165a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po