| | e-texts navigator
|
164a1 ལ་རབ་ཏུ་གནས། ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས།། འབྱུང་བ་ལྔ་ཡི་ངོ་བོ་ཉིད།། གོང་བའི་གཟུགས་ཀྱི་ཕྱུང་ནས་ནི།། སྣ་ཡི་རྩེ་མོ་རབ་ཏུ་བརྟག། རིད་ཆེན་ཁ་དོག་སྔ་ལྔ་པ།། སྲོག་དང་རྩོལ་བ་ཞེས་བྱར་བཤད།
164a2 རང་གས་སྙེང་ཁར་བསམས་ནས་ནི།། སྲོག་ནི་ཐིག་ལེར་གྱུར་པར་བཞག། རང་དབང་རིན་རེ་དགག་པ་ཡི།། བཟུང་བ་འཛད་པ་ཡིན་པར་བཤད།། སེམས་ནི་འགོག་པའི་རྡོ་རྗེར་གྱུར།། མཚན་པར་ཉེར་འཛིན་འཐུང་བར་འགྱུར།། མཚན
164a3 མའི་ཁམས་དེ་རྣམ་པ་ལྔར། ། བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན།། སཱག་རྒྱུ་འདྲ་བ་དང་པོ་སྟེ།། དུ་བ་ལྟ་བུ་གཉིས་པ་ཡིན།། མཁའ་སྣང་འདྲ་བ་གསུམ་པ་སྟེ།། མར་མེ་ལྟར་འབར་བཞི་པའོ།། སྤྲིན་མེད་ནམ་མཁའ་ལྟ་བུར་ནི།། རྟག་ཏུ
164a4 སྡང་བ་ལྔ་པའོ། ། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི།། ནམ་མཁའི་ཁམས་སུ་སྤྲོ་བར་བྱ།། རྗེས་དྲན་གང་ཞིག་རྣམ་སྒོམ་པ།། དེ་དང་འདྲ་བར་སྤྲོ་བར་བྱ།། རྗེས་སུ་དྲན་པ་ཞེས་བཤད་དེ།། སོ་སོར་སྣང་བ་དེ་ལ་སྐྱེ།། ཐབས་དང་ཤེས་རབ་སྙོམས།
164a5 འཇུག་པས།། དངོས་པོ་ཐམས་ཅད་མདོར་བསྡུས་པ།། གོང་བུའི་ཚུལ་གྱིས་བསྡུས་ནས་ནི།། དབུས་སུ་གཟུགས་ནི་རྣམ་པར་བསྐོས།། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ།། ཏིང་ངེ་འཛིན་ཅེས་བྱ་བར་གནས།། སོ་སོར་སྤྱད་ལ་སྐམས
164a6 འཇུག་ན། ། སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ།། བསམ་གཏན་ཡེ་ཤེས་སྙོམས་འཇུག་ན།། མངོན་ཤེས་ལྔ་པོ་ཐོབ་པར་འགྱུར།། སྲོག་དང་རྩོལ་བས་ངེས་པར་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས།། རྟག་ཏུ
164a7 འཛིན་པའི་སྟོབས་ཀྱིས་ནི། ། རྡོ་རྗེ་སེམས་དཔའ་ཡང་དག་འཇུག། རྗེས་དྲན་མཉམ་པར་སྦྱོར་བ་ཡིས།། འོད་ཀྱི་དཀྱིལ་འཁར་འབྱུང་བར་འགྱུར།། ཏིང་འཛིན་དབང་གྱུར་ཙམ་གྱིས་ན།། སྒྲིབ་པ་རྣམས་དང་བྲལ་བར་འགྱུར།། སྐང་པོར
164a8 ནི་ཐུགས་ཁ་རུ། ། ཟླ་བ་རྡོ་རྗེའི་སྦྱོར་བས་བལྟ།། མཚོན་ཆ་མཆོག་གིས་དྲངས་ནས་ནི།། སེམས་ནི་སྔགས་ཀྱི་དངོས་བྱས་ཏེ།། སྔགས་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི།། བྱང་ཆུབ་ཚིགས་བཅད་བརྗོད་པར་བྱ།། ཆོ་ག་ཡང་དག་སྦྱོར་རྣམ
iiif viewer powered by OpenSeadragon
163b - 164b