e-texts navigator
Collection
Volume
Page
Wylie

163b1 ས་བོན་ལས་བསྐྱེད་བྱ། ། བཞན་དུ་དེ་ནི་འགྲུབ་མི་འགྱུར།། མི་སྣང་ལ་སོགས་དངོས་གྲུབ་ནི།། ཐ་མལ་བ་ཞེས་བཤད་པ་ཡིན།། སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱིས།། དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན།། ཐབས་ནི་རྣམ་པ
163b2 བཞི་པོ་དག། བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས།། རྣལ་འབྱོར་ཆུད་ནི་ཐམས་ཅད་དུ།། རྣལ་འབྱོར་པ་ཡིས་རྟག་པར་སྔགས།། བསྙེན་པའི་ཆོ་ག་དང་པོ་སྟེ།། ཙཱ་བར་བསྒྲུབ་པ་གཉིས་པ་ཡིན།། སྒྲུབ་པ་ཡང་ནི་གསུམ་པ་སྟེ།། སྒྲུབ་པ་ཆེན་པོ
163b3 བཞི་པའོ། ། ཐུན་མོང་མཆོག་གི་བྱེ་བྲག་གིས།། བསྙེན་པ་རྣམ་པ་གཉིས་སུ་འགྱུར།། རྡོ་རྗེ་བཞི་པོ་ཐུན་མོང་སྟེ།། ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ།། དང་པོ་སྟོང་ཉིད་བྱང་ཆུབ་སྟེ།། གཉིས་པ་ས་བ་ནི་བརྩས་པ་ཡིན།། གསུམ་པ་གཟུགས་ནི་རྫོགས
163b4 སྟེ། ། བཞི་པ་ཡི་གེ་དགོད་པའོ།། རྡོ་རྗེ་རྣམ་བཞི་འདི་དག་གིས།། ཐ་མལ་སྒྲུབ་ལ་བསྙེན་པ་བྱ།། མཆོག་གི་ཡེ་ཤེས་བདུད་རྩི་ཉིད།། སྦྱོར་བ་དྲུག་གིས་བྱ་བ་ཡི།། བསྙེན་པ་ཡན་ལག་དྲུག་གིས་ནི།། བྱས་པས་བསྒྲུབ་པ་མཆོག་ཏུ་འགྱུར།། གཞན
163b5 དུ་བསྒྲུབས་པར་གྱུར་ན་ནི། ། དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར།། སོ་སོར་སྡུད་དང་བསམ་གཏན་དང་།། སྲོག་རྩོལ་དེ་བཞིན་འཛིན་པ་དང་།། རྗེས་སུ་དྲན་དང་ཏིང་འཛིན་ཏེ།། སྦྱོར་བའི་ཡན་ལག་དྲུག་ཏུ་བཤད།། དབང་པོ་བཅུ་པོ་རྣམས་ཀྱི་ཡང་།།
163b6 རང་གི་འཇུག་གནས་ཐམས་ཅད་དུ།། འདོད་པ་སོ་སོར་སྡུད་པས་ན།། སོ་སོར་སྡུད་པ་ཞེས་བཤད་དོ།། འདོད་པ་ལྔ་ནི་མདོར་བསྡུས་ནས།། སངས་རྒྱས་ལྔ་རུ་སྦྱོར་བ་ཡིས།། བརྟག་པ་བསམ་གཏན་ཞེས་བཤད་དོ།། བསམ་གཏན་དེ་ནི་རྣ
163b7 ལྔར་འགྱུར། ། རྟོག་དང་སྤྱོད་དང་དགའ་བ་དང་།། དེ་བཞིན་བདེ་བ་ཉིད་དང་ཡང་།། སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ།། ལྔ་པོ་དེར་ནི་བསམ་གཏན་བསྡུ།། གསང་བའི་རྒྱུད་ནི་ཐམས་ཅད་དུ།། རྣམ་པ་དུ་མར་ཡོངས་བཤད་པ།། གསང་བ་གསུམ
163b8 འབྱུང་རྟོག་པ་སྟེ། ། དེ་ཡི་ལོངས་སྤྱོད་དཔྱོད་པའོ།། དགའ་དང་འདྲ་བ་གསུམ་པ་སྟེ།། བདེ་བ་བསྡུས་པ་བཞི་པའོ།། ཤེས་དང་ཤེས་བྱ་བྱུང་ཟད་པའི།། རང་སེམས་ལྔ་པར་ཤེས་པར་བྱའོ།། སངས་རྒྱས་ཀུན་དངོས་ཞི་བ་ནི།། འདོད་པ་ཀུར




iiif viewer powered by OpenSeadragon

163a - 164a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po