e-texts navigator
Collection
Volume
Page
Wylie

163a1 @#། ། བིའི་བདག་ཉིད་སྦྱོར།། ཞེ་སྡང་དགའ་དང་ཡང་དག་ལྡན།། ཞེ་སྡང་རྒྱུན་གྱིས་དབང་བསྲུང་ན།། ཞེ་སྡང་རྡོ་རྗེར་བདག་ཉིད་འགྱུར།། ཆགས་པས་འདོད་ཆགས་བདག་ཉིད་སྟོང།། འདོད་ཆགས་དགའ་དང་ཡང་དག
163a2 ལྡན། ། འདོད་ཆགས་རྒྱུན་གྱིས་དབང་བསྲུང་ནི།། འདོད་ཆགས་རྡོ་རྗེར་བདག་ཉིད་འགྱུར།། ཞེས་རབ་ཡེ་ཤེས་བདག་ཉིད་སྦྱོར།། རྡོ་རྗེ་དགའ་དང་ཡང་དག་ལྡན།། ཡེ་ཤེས་རྒྱུན་གྱིས་དབང་བསྐུར་ན།། ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར།།
163a3 རིག་པའི་ལྷ་མོ་དེ་ཉིད་ནི།། རྡོ་རྗེ་ཅན་གྱི་སློབ་མས་ཐང་།། ལག་པར་ལག་པས་གཞག་ནས་ནི།། དེ་བཞིན་གཤེགས་རྣམས་སྤང་བྱས་ལ།། སློབ་མའི་མགོ་བར་ལག་གཞག་སྟེ།། བླ་མ་རྡོ་རྗེ་ཅན་གྱིས་བསྒོ།། ཐབས་གཞན་གྱིས་ནི
163a4 འཚང་མི་རྒྱ། ། དེ་བས་རིག་པ་འདི་མཆོག་ཡིན།། ཆོས་ཀུན་གཉིས་སུ་མེད་པ་ལ།། དངོས་པོ་གཉིས་སུ་བརྟགས་པ་ཡིན།། དེ་བས་འཁོར་བ་རྣམ་བྲལ་བར།། རྟག་ཏུ་ཁྱོད་ཀྱིས་མི་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བཏུལ་ཞུགས
163a5 བླ་མེད་པའོ། ། རྨོངས་པ་གང་ཞིག་འདས་གྱུར་ན།། དེ་ཡི་དངོས་གྲུབ་མཆོག་མི་འགྱུར།། ཐལ་མར་ལུས་ཀྱི་ཆོས་ལ་ནི།། དྲི་མ་ལྔ་རྣམས་སྣང་བ་ནི།། ཡེ་ཤེས་ལྔ་ཡིས་བྱིན་བརླབས་པས།། བདུད་རྩི་ལྔ་ཞེས་བྱ་བར་བཤད།། སྦྱར་དང་དེ།
163a6 བཞིན་བསྲེག་པ་དང་།། སྣང་བར་བྱེད་དང་གཟུགས་སྣང་བ།། སྔགས་ཀྱི་ལུས་སུ་རབ་སྦྱོར་བས།། བདུད་རྩི་ལྔ་ནི་བཟའ་བར་བྱ།། རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི།། བར་སྣང་ལ་གནས་བསམ་པར་བྱ།། ཨཱཿལས་བྱུང་བའི་པད་མ་ནི།། དེ་ཡི་འོག་ཏུ
163a7 བསྒོམ་པར་བྱ། ། ཨོཾ་གྱིས་མཚན་པའི་བདུད་རྩི་ནི།། དེ་ཡི་དབུས་སུ་གཞག་པར་བྱ།། རྡོ་རྗེའི་པད་མ་མཉམ་སྦྱོར་བ།། འབར་བས་རྣལ་འབྱོར་ཚིམ་པར་བྱ།། ཤེལ་དང་མཚུངས་པར་སྣང་གྱུར་ཅིང་།། ཡེ་ཤེས་ཉི་མ་གས་པར་གྱུར།། ཕྱོགས
163a8 བཅུའི་འཇིག་རྟེན་ཁམས་རྣམས་ཀྱི། ། མཚོན་ཆ་མཆོག་གིས་དྲངས་ནས་ནི།། བདུད་རྩི་དེ་རུ་ཕབ་ནས་ཀྱང་།། བཟའ་བའི་སྦྱོར་བས་བཟའ་བར་བྱ།། སྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས།། དེ་བཞིན་དཔའ་བོ་ལྔ་རྣམས་བཟའ།། ཡིག་གསུམ




iiif viewer powered by OpenSeadragon

162b - 163b

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po