e-texts navigator
Collection
Volume
Page
Wylie

162b1 སེམས་དཔའ་གང་རེག་པ། ། ཡེ་ཤེས་འཁོར་ལོ་ཞེས་བཤད་དོ།། མི་འགྱུར་རྡོ་རྗེ་གསུམ་ཡི་གེ། ས་བོན་ཡི་གེ་གནས་ཤེས་བཤད།། སྐུ་གསུང་ཐུགས་ཀྱི་ཉིད་ནི།། ས་དབང་མ་པ་བསྐུལ་བར་བཤད།། ཕྱོགས་བཙུ
162b2 རྟེ་ཁམས་རྣམས་ས། ། འོད་ཟེར་བབྱེད་པ་གཏོང་བའོ།། རྡོརྔ་ཅན་ཀུན་སྤྱན་འདྲེན་པས།། རྗེ་ཅ་ཀན་སུ་དྲང་བའོ།། རྡོ་ཅན་གྱི་གནས་དེ་ཡོ།། འོད་ཟང་གྲོས་དེ་རྡོ་རྗེ་ཀུན།། བསྡུས་ནས་གོང་བའི་ཚུལ་ས་སུ།། བཅིངས་པ་བཚངསན།
162b3 པར་བཤད།། ས་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ།། སྐུ་གསུང་ཐུགས་ནི་རྒྱས་བཏབ་སྟེ།། རི་མོའི་དཀྱིལ་འཁོར་བརྟན་པར་བྱ།། དབང་བས་དབྱེ་བ་རྣབ་གསུམ་དུ།། རྦཱ་ད་འདི་ལ་ན་རབ་ཏུ་བརྟག། ལུ
162b4 པའི་དབང་བསྐུར་དང་པོ་སྟེ། ། གཉིས་པ་གསང་བའི་དབང་བསྐུར་བ། ཤེས་རབ་ཡེ་ཤེས་གསུམ་པ་སྟེ།། བཞི་པ་དེ་ཡང་དེ་བཞིན་དོ།། མིག་ཡངས་སྔགས་ཀྱི་སྣོད་དུ་རུང་།། མེ་ཏོག་བཅས་ཤིང་ས་བོན་བྱུང་།། བླངས་ནས་གསང་བ།
162b5 དབང་བསྐུར་བ།། སྔགས་པས་སློབ་མ་དག་ལ་སྤྱ་ནི།། ན་བ་མཁའི་དབྱིངས་ཀྱི་དབུས་གནས་པར།། དྲི་ཆུ་རྐང་དང་ཡང་དག་ལྡན།། རྡོ་རྗེ་པད་མའི་སྦྱོར་བ་ཡིས།། རྡོ་རྗེ་ཅན་ཀུན་ཡང་དག་བསྡུ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དེ་དག
162b6 ཐམས་ཅད་སྙིང་ཁར་བསྡུ། ། རྡོ་རྗེའི་ལམ་ནས་བྱུང་ནས་སུ།། སློབ་མའི་ཁར་ནི་དབབ་པར་བྱ།། འདི་ནི་གསང་སྔགས་དེ་ཀུན་གྱི།། དབང་བསྐུར་བ་ཡཾ་གོ་འཕང་མཆོག། ལས་མཆོག་གི་ནི་ཚོགས་རྣམས་དང་།། གསང་སྔགས་ཐམས
162b7 ཅད་འགྲུབ་པར་འགྱུར། ། མཆོག་ཏུ་དང་ཅིང་ཤེས་རབ་ཆེ།། གཟུགས་བཟང་བསྒྲུབ་པ་པོ་ལ་དགའ།། སྦྱོར་བ་གཅིག་གིས་བྱ་བ་གོམས།། དམ་ཚིག་དག་གི་དམ་ཚིག་ཅན།། བླ་མ་ལ་ནི་སློབ་མ་ཡིས།། ཡོད་རྣམས་རབ་ཏུ་ཕུལ་ནས་ནི།།
162b8 བླམས་དེ་ནི་བྱིན་བརླབས་ཏེ།། སྒྲུབ་པ་པོ་ལ་སྲིན་པར་བྱ།། རྨོངས་པས་གཏི་མུག་བདག་ཉིད་སྦྱོར།། གཏི་མུག་དགའ་དང་ཡང་དག་ལྡན།། གཏི་མུག་བླུན་གྱིས་དབང་བསྐུར་ན།། གཏི་མུག་རྡོ་རྗེར་བདག་ཉིད་འགྱུར།། ཞེ་སྡང་སྔང




iiif viewer powered by OpenSeadragon

162a - 163a

Texts on this page

Q113 - gsang ba rnal 'byor chen po'i rgyud rdo rje rtse mo
Q81 - de bzhin gshegs pa thams cad kyi sku gsung thugs kyi gsang chen gsang ba 'dus pa zhes bya ba brtag pa'i rgyal po chen po