| | e-texts navigator
|
77b1 མེད། ། དང་ལྡན་རིགས་བཟངས་གཏོང་བྲོད་ཆེ།། ཐོས་མེད་དམ་ཚིག་ལྡན་ལ་སྦྱིན།། དབང་བཞི་བགྲོད་པའི་སྔགས་པ་ཡིས།། སྔོན་དུ་བླ་མ་མཉེས་བྱས་ལ།། ཡར་ངོ་མར་ངོའི་ཚེས་བཅུ་ལ།། དཔའ་བོ
77b2 ནབ་འབྱོར་ཚོགས་ཀྱིས་མཆོད། ། ཇི་ལྟར་རྡོ་རྗེ་འཛིན་པ་ཡིས།། ལྷ་མོ་རྣམས་ལ་རྒྱུད་གཏད་ལྟར།། དེ་བཞིན་གསང་བའི་རྒྱུད་སྡེ་རྣམས།། ཟུང་ལ་སྒྲུབ་པ་ཆེད་དུ་གྱིས།། ལན་གསུམ་བརྗོད་ལ་རྒྱུད་རྣམས་སྦྱིན།། ཕྱི་རབས
77b3 དུས་ཀྱི་སྟོངས་མལ། ། ཆགས་སེམས་གྱོད་པའི་སློབ་མ་ནི།། གུས་པས་མི་འག་ཡོ་སྨྲས་མདོ།། ཐོས་ནས་འངས་སུ་པ་རང་ཚོ་འབྱིན།། དེ་ལ་བསྟན་ན་ད་མཆིག་ཉམས།། ངེས་པར་དད་ནས་ཞུ་བ་ཡི།། གཅིག་ནས་གཉིས་ལམ
77b4 གྲོལ་ན། ། རྡོ་རྗེ་ཛིན་པའི་རིགས་རྒྱུན་འཆད།། བཅོམ་ལྡན་འདས་ཀྱིས་དེན་ཅེས་པཀའ་ཕྲུལ་པ་དང་།། ལེ་ཤེས་མཁའ་འཁྲིམ་མ་ཆོགས་པའི་འཁོར་ཐམས་ཅད་ཀྱིས་ཆུད་ཀྱི་དངན་རྟོགས་ནས་རྗེས་སུ་ཡི་རང་།། དཔ
77b5 འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་རྫོགས་སོ། ། །
77b6 བཎ་ཌི་ཏ་གཱ་ཡ་དྷ་རཱ་དང་། ལོ་ཙྪ་བ་དགེ་སློང་ཤཱཿཡེ་ཤེས་ཀྱིས་བསྒྱུར་བའོ།། །། རྒྱགར་སྐད་དུ། ཨཱན་བེ་ལ~ཾ་ཏན་ཏྲརཱཛྙཱ་ནཱམ།
77b7 བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་རྙོག་པ་མེད་པ་ཞེས་བྱ་བ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། སེམས་ཅན་རྣམས་ལ་ཕན་འདོད་པ།། རྙོག་མེད་རབ་ཏུ་བཤད་པར་བྱ།། སྣང་བ་མེད་ཅིང་དཔེ་མེད་པ།། ཚིག་གི
77b8 ཡུལ་ལས་རྣམ་པར་འདས། ། ཞི་ཞིང་བདག་མེད་དག་པ་ཉིད།། མཚན་མེད་མཚན་བཞི་རྣམ་པར་སྤངས།། རང་གི་སངས་རྒྱས་འདི་ཉིད་ཚུལ།། མཚན་ཉིད་མཚན་བཞི་རྣམ་པར་སྤངས།། ཁྱད་པར་དུ་ཡང་མདོ
iiif viewer powered by OpenSeadragon
77a - 78a