e-texts navigator
Collection
Volume
Page
Wylie

41a1 བཅུ་གཉིས་ནི། ། བླ་མའི་ཞལ་ནས་ཤེས་པར་བྱ།། བླ་མ་མཉེས་པར་བྱ་བའི་ཕྱིར།། ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཀྱིས།། དུས་གསུམ་མཎ་ཌ་ལ་དང་བཅས་མཆོད།། ལུས་སྲོག་བཏང་བར་ཕངས་པ་བས།།
41a2 མན་ངག་དམ་པ་དེ་བས་པངས།། དེ་བས་བཙན་ཐབས་ལེགས་པར་སྭ།། མན་ངག་ཆུ་བོའི་རྒྱུན་འདྲ་བས།། དེ་ཉིད་རྒྱུད་དུ་ཤོས་པར་བྱ།། ཟབ་མོའི་དོན་སྟོན་རྒྱལ་པོར་གསུངས།། རྡོ་རྗེ་ཕག་མོ་ལ་སོགས་རྣམས།། གསང་བའི་གས་པ
41a3 བརྨར་འབྱུང་འདི། ། ཁྱོད་ལ་གཏད་དོ་དམ་དུ་སྤོས།། ཀུན་ལ་སྤེལ་ན་དམ་ཚིག་ཉམས།། ཀྱེ་མ་རྒུད་ཀྱི་དོན་འདི་ལ།། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། དཔའ་བོ་མཁའ་འགྲོ་མའི་ཚོགས།། ཐམས་ཅད་ངོ་མཚར་ཆེར
41a4 སྐྱེས་ཏེ། ། དགའ་ཞིང་མགུ་ནས་ཡིད་རང་ངོ་།། དཔལ་ཡེ་ཤེས་འབར་བའི་རྒྱུད་ཀྱི་རྒྱལ་པོ་མཁའ་འགྲོ་མའི་གསང་བ་ལས་ཀྱང་གསང་བ་རྨད་དུ་བྱུང་བ་རྫོགས་སྷོ།། །། སིང་ག་ལའི་གླིང་གི་རྣལ་འབྱོར་མ་ཙན་དྲ་མཱ་ལེ་དང་།། དགེ
41a5 སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ། ། @#།། རྒྱ་གར་སྐད་དུ། ཤྲཱི་ཙན་དྲ་མཱ་ལ་ཏན་ཏྲ་རཱ་ཛཱ། བོད་སྐད་དུ། དཔལ་ཟླ་བའི་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།།
41a6 ཀྱེ་ཧེ་མགོན་པོ་རྡོ་རྗེ་ཅན།། སྒྲོལ་མ་ཉི་ཤུ་རྩ་བཞི་ཡི།། དེས་པ་གང་ལགས་ཚད་གང་ལགས།། རང་བཞིན་གྲུབ་པ་ཇི་ལྟར་ལགས།། མགོན་པོས་བདག་ལ་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་བཞིན
41a7 གྲུབ་པ་བསྒྲུབ་འདོད་པ། ། བྷྲ་མའི་བཀའ་དྲིན་ལེགས་མནོས་ཏེ།། དུར་ཁྲོད་ལ་སོགས་ས་ཕྱོགས་སུ།། བར་ཆད་གསུམ་མེད་ཡོན་ཏན་ལྡན།། དེ་རྟགས་པ་ལས་དང་པོ་འི་གནས།། གང་ཟག་མཆོག་ལ་བརྟག་ཏུ་མེད།། ཡོན་ཏན་ལྡན
41a8 པའི་སར་འདུག་སྟེ། ། བླ་མེད་སེམས་གཟུང་རྣལ་འབྱོར་པས།། སྒོ་གསུམ་དལ་བའི་ཚད་རྟག་སྟེ།། བཅིང་བ་གསུམ་ནི་དེས་བསྒོམས་པས།། སྐྱེ་བ་གཅིག་གིས་གྲུབ་པར་ངེས།། དབུགས་ཅིང་ཀུན་རྫོབ་སྣ་རྩེ་ཡིན།། ཡིད་བཅིང




iiif viewer powered by OpenSeadragon

40b - 41b

Texts on this page

Q39 - dpal ye shes 'bar ba'i rgyud kyi rgyal po
Q40 - dpal zla ba'i phreng ba'i rgyud kyi rgyal po