| | e-texts navigator
|
244a1 རཏཱ་རཏྣ་ཧོ། རིག་པ་འཛིན་པའི་རྡོ་རྗེན་ལ་འབོར་མའི་སྒྲུབ་ཐབས་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཛཱ་ཡ་སེནེའི་ཞབས་དང་།། ལོ་ཙྪ་བ་བཙུན་པ་དྨ་མ་ཡོན་ཏན་གྱིས་བསྐུར
244a2 བའོ། ། །། རྒྱ་གར་སྐད་དུ། ས་བུ་ཊི་ནཱ་མ་མ་ཧཱ་ཏན་ཏ། བོད་སྐད་དུ་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ།། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
244a3 ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་དབང་ཕྱུག་བྱེ་ཕྲག་བརྒྱད་བཅུའི
244a4 ནང་ནས་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་འཛུམ་པ་མཛད་དོ། ། འཛུམ་པ་མཛད་མ་ཐག་ཏུ་དེའི་ཚེ་རྡོ་རྗེ་སྙིང་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།། ཐལ་མོ
244a5 སྦྱར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། ཡེ་ཤེས་ཀྱི་དབང་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་གསང་བ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་མཚན་ཉིད་ཉན་པར་འཚལ་ལོ།། ཨེ་མའོ།
244a6 རྡོ་རྗེ་སྙིང་པོ་ལེགས་སོ་ལེགས་སོ།། སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡོན་ཏན་གྱི་ཕུང་པོ་ལེགས་སོ་ལེགས་སོ།། གང་ཞིག་ཆུང་ཐམས་ཅད་དུ་གསང་བ་དེ་བམང
244a7 འདོད་པས་ཞུས་ཤིག། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་རབ་ཏུ་འཛུམ་ཞིང་མིག་ཕྱེ་བས་ཕྱག་འཚལ་ཏེ།། རང་གི་ཐེ་ཚོམ་ཡང་དང་ཡང་དུ་ཞུས་པ། རྒུད་ནི་ཐམ
244a8 ཅད་ཅི་ཞེས་བརྗོད། ། གླང་གཞི་ཡང་ནི་ཇི་ལྟར་ལགས།། འདི་ལ་གསང་བ་ཅི་ཞེས་གསུངས།། ཇི་ལྟར་ཡང་དག་སྦྱོར་བྱུང་མིང་།། དེ་ལ་མཚན་ཉིད་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
iiif viewer powered by OpenSeadragon
243b - 244b