| | e-texts navigator
|
235a1 རྣམ་པ་ཀུན་དུ་བཅིང་པ་དང་།། རྐང་གདུབ་རབ་ཏུ་གཞུག་པ་དང་།། རྐང་པའི་རྒྱན་ནི་ཉིད་དག་དང་།། སྲོག་ཤིང་གཅིག་གྱུར་སྲད་བུ་ཡིན།། འོག་ཕག་དྲུག་བཅུ་རྩ་བརྒྱད་དང་།། རོལ་ལྡན་བཅུ་དྲུག་པར
235a2 ཤེས་བྱ། ། ཕྲེང་བ་ཉི་ཤུ་རྩ་ལྔ་ཡིན།། རྣལ་འབྱོར་མ་ཡི་ཀུན་དུ་སྤྱོད་པ་ལས་དེ་ཁོ་ན་ཉིད་དག་པ་ལ་སོགས་པ་བསྟན་པ་སྟེ་བཅུ་བདུན་པའོ།། །། རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་རྫོགས་སྷོ།།
235a3 @#།། རྒྱ་གར་སྐད་དུ། ཙཏྲར་ཡོ་གི་ནི་ས~ཾ་པུ་ཊ་ཏན་ཏྲ་རཱ་མ།། བོད་སྐད་དུ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དག་བཤད་བྱ་བ།། རྣལ་འབྱོར།
235a4 བཞི་ཡི་ཁ་སྦྱོར་ཏེ།། ཞལ་བཞི་ཞེས་ནི་རྣམ་པར་བཤད།། རྒྱུད་རྣམས་ཀུན་དུ་སྦས་པ་སྟེ།། ཞལ་རྣམས་ཀྱང་ནི་ཁ་སྦྱོར་མ།། འདི་རྭ་རྒྱས་པར་བརྗོད་པ་ཡིན།། འོག་དང་སྟེང་དུ་རྣམ་བཤད་དང་།། དེ་བཞིན་གཡོན་དང
235a5 གཡས་པའོ། ། ཨཱ་ལི་ཀཱ་ལི་བྱེ་ཕྲག་གིས།། ལྟེ་བའི་དབུས་སུ་རྣམ་པར་གནས།། ཟླ་བ་ཉི་མར་རྣམ་པར་བཤད།། ས་དང་རླུང་གི་ཉིད་དག་དང་།། ཆུ་མེ་དེ་བཞིན་ནམ་མཁའ་དང་།། ཁམས་ལྔ་དག་དང་ཡང་དག་ལྡན།།
235a6 གཟུགས་དང་རེག་པ་དེ་བཞིན་སྒྲ།། མིག་གཉིས་དང་ནི་སྣ་དག་དང་།། ལུས་ཀྱི་སྟེང་འོག་ཏུ་ཡང་གསལ།། རྟག་ཏུ་རྡོར་ཅན་རྣམ་པར་གནས།། ཆ་དང་ཆ་མིན་རྣམ་པར་གྲོལ།། སྟོད་པའི་ངང་ལས་ཡང་དག་གནས།། ཡ
235a7 ཡི་སྡེ་མཐའ་ཡང་དགྲ་རྫོགས། ། ཨུ་ཡིག་དག་ནི་ཐིག་ལེར་བཅས།། འབྱར་ཞིང་གསལ་བར་འགྱུར་བ་སྟེ།། ཁ་སྦྱོར་རྣམ་པ་རྣལ་འབྱོར་གྱི།། རྡོར་ཅན་ཇི་ལྟར་ཆང་གིས་མྱོས།། འཁོར་ནས་སེམས་ནི་རྣམ་པར་གྲོལ།།
235a8 ཁམས་གསུམ་པོ་ནི་པ་ལུས་པ།། རྡོ་རྗེ་མིག་གིས་མཐོང་བར་འགྱུར།། བདུན་གྱི་རྒྱལ་པོའི་དངོས་གྲུབ་ཀྱིས།། མ་ལུས་ལུས་པ་མེད་པ་མཐོང་།། ཚངས་པ་ཁྱབ་འཇུག་དབང་ལྡན་དང་།། དབང་པོ་དེ་བཞིན་འདོད་དབང་ཕྱུག།
iiif viewer powered by OpenSeadragon
234b - 235b