e-texts navigator
Collection
Volume
Page
Wylie

223b1 ཨོཾ་ཨཱ་ར་ལ་ཏོ།། བཛྲ་ཛཱ་ཀི་ནཱི་ས་མཱ་ཡ་བྷཱུ་ཏྲི་ཤ་ཧོ།། དེ་ས་གསུམ་དང་བཞི་དང་ལྔ་བརྗོད་པར་བྱའོ།། གཡས་བསྐོད་དང་གཡོན་བསྐོར་གྱིས་ཀྱང་ཐོད་པའི་ནང་གི་སྦྱིན་པར་བྱ་བ་རྣམས་ཚེ་ཐལ་མོ་ཁ་རྐྱེན
223b2 དཕྱེད་ལ་སྔགས་འདི་བརྗོད་དེ། ། ཨོཾ་ཁ་ཁ~ཾ་ཁཱ་ཨུ0f7f་ཁཱ་ཏི། སརྦ་ཡཀྵ་རཱ། ས་སརྦཏྟཏེ་ཊེ་ཏ་པཥོ་ཙཏ་ཨཱན་མ་ཏས་པསྨར། ཛཱ་ཀནཱ~ཾ་ཨ་དྷ་ཡ་ཨེ་མཎྜ་ལ~ཾ་གྲཱིདྷཱ་ས་མ་ཡར། ན་ཏུམ་མ་ས་ནཱ་སིད་ཎྜིམྲ
223b3 ཡཛྙཱན་ཏུ་ཡ་ཐཻབ་ཡ་ཐཻཥྚི་བྲན་ཛ་ཐཱ་བིའི་བྲི་ཟླ་ཐམ་ཏི་ཀྲ་མ་ཐཱ། མ་མ་ས་རྦ་ཀཱར་དྷ་ཡ~ཾ་སང་སུ་ཁ་བི་ཤུད་དྷ་ཡེ་ས་ཧ་ཡི་ཀ་བྷ་བན་དུ་ཧཱ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།། དེ་ལྟར་ཆོག་དང་ཚོགས་བྲན་མཚམས་བཞིར་སྦྱིན་པར
223b4 བྱའོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་གསང་བའི་གསང་ཚེན་འདི་གསུངས་པ།། དངོས་པོ་མེད་པའི་བདག་ཉིད་ཆོས།། ནམ་མཁའ་ལྟ་བུར་དྲི་མ་མེད།། སྟོང་ཉིད་ཡེ
223b5 ཤེས་རྡོ་རྗེ་ཡིས། ། སྟོང་པ་ཤིན་དུ་རྣམ་པར་བསྒོམ།། ལེགས་སོ་ཞེས་ནི་བྱ་བ་བྱིན།། རྒྱུད་རྫོགས་པ་ཡི་སྦྱོར་བ་ལས།། ལེགས་སོ་ལེགས་སོ་ཡེ་ཤེས་ཆེ།། བཤད་པའི་རྒྱུད་ཕྱི་མ་ལས་ཕག་མོ་མངོན་པར་བྱང་ཆུབ
223b6 བཞེས་བྱ་བ་རྫོག་སྷོ། ། ། རྒྱ་གར་གྱི་མཁན་པོ་ཛྙཱ་ནཱ་ཀར་ཡི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙྪ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། རྒྱུ་གང་སྐད་དུ། ཡོ་གི་ནྡུ
223b7 སན་ཙཨཱརྱ། བོད་སྐད་དུ། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། གང་གི་དྲིན་གྱིས་བདེ་ཆེན་གནས།། སྐད་ཅིག་གིས་ནི་ཐོབ་གྱུར་པ།། བླ་མ་རིན་ཆེན
223b8 ལྟ་བུ་ཡི། ། རྡོ་རྗེ་ཅན་ཞབས་པད་ལ་འདུད།། དེ་ནས་ཡང་དག་བཤད་བྱ་བ།། ཀུན་ཏུ་སྤྱོད་པའི་ཆོ་ག་མཆོག། འཁོར་ལོ་གསུམ་བདག་འདི་སྒོམ་པ།། རྣལ་འབྱོར་ལམ་ལ་གནས་པ་ཡིན།། ལུགས་འབྱུང་ལུགས




iiif viewer powered by OpenSeadragon

223a - 224a

Texts on this page

Q22 - phag mo mngon par brjod pa bshad pa'i rgyud phyi ma las phag mo mngon par byang chub pa zhes bya ba
Q23 - rnal 'byor ma'i kun tu spyod pa