| | e-texts navigator
|
160a1 ཐབས་བཀོལ་བའི་དུམ་བུའོ། ། རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲ་བོ་དྷའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱབ་ཀྱི་ཛེ་བན་དྷེ་ཟླ་བའི་ཟེར་གྱིས་འབྲོ་དགེ་སློང་གི་ཕྱིར་བསྒྱུར་ཅིང་ས་ཏེ་གཏན་ལ་ཕབ་པའོ།། །། རྒྱུ
160a2 གར་སྐད་དུ། ཤེ་ཀ་བྲྀ་ཀྲི་ཡ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྲིན་རས་གཟིགས་ལ་ཕྱག་འཚལ་ལོ།། ཕབ་པ་བཏང་བའི་ཕྱི་ནས་མགོ་བོ་དང་ནི་སྙིང་ཁ་སྤྱི་གཙུག་རྣམས་དང་ལྟེ་བ་མགྲིན
160a3 པ་དང་། ། གསང་བ་རྣམས་སུ་བསྲུང་བ་རྒྱལ་བ་རྣམས་ཀྱིས་རང་གི་རིགས་གྱུར་རྣམས་ལ་རང་གི་རྡོར་གསུམ་གྱིས།། སློབ་མ་རྣམས་ཀྱི་ལུས་ལ་གོས་སེར་སྐོན་ཞིང་མིག་རྣམས་བཀབ་ནས་དཀྱིལ་འཁོར་འདིར་ནི་གཞུག་པར་བྱ།
160a4 ཀུན་རྫོབ་དོན་དུ་རབ་མཆོག་ལམ་ནས་གཤེགས་ཉིད་རྣམས་ལ་བརྟུལ་ཞུགས་རྣམས་ནི་སྦྱིན་བྱ་རྟག་པ་རུ།། གསང་དང་མི་བདེན་པ་དང་གཞན་གྱི་བུད་མེད་རྣམ་སྦས་དེ་བཞིན་གཞན་ནོར་ཆང་འཐུང་དག་ཀྱང་སྟེ།། འཁོར་བའི་རྡོ་རྗེ་ཞགས
160a5 པ་རང་གི་དགེ་བ་འཇོམས་པར་བྱེད་པ་སྡིག་པ་ལྔ་པོ་འདི་ཉིད་རྣམས། ། གང་ཞིག་གང་གི་དུས་སུ་བྱུང་བའི་ལྷ་དང་མི་ཡི་བླ་མ་དེ་ཡི་མིང་གིས་རབ་ཏུ་སྦྱིན་བྱས་པའི།། སྣ་ཚོགས་གཙོ་བོའི་བཀའ་སྩལ་འདི་ཡིས་སྲིད་པའི་འཇིགས་པ
160a6 འཇོམས་པས་ཁྱེད་རྣམས་ཀྱིས་ཀྱང་སྦྱང་བར་གྱིས། ། རྒྱན་འགྱེད་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་ཆོས་རྣམས་དང་།། བ་ལ་དབྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་དང་མི་རྣམས་བླ་མ་ལྔ་ནི་གས
160a7 མི་བྱ། ། གྲོགས་དང་རྗེ་བོ་དང་ནི་ལྷ་མི་བླ་མ་དགེ་འདུན་དབུགས་འབྱིན་རྣམས་ལ་འཁུ་བ་དང་།། དབང་པོ་རྣམས་ཀྱིས་ཡོངས་སུ་ཆགས་རྣམས་མིན་ཏེ་སྲིད་པའི་བདག་པོའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔའོ།། དཔལ་ལྡན་སྔགས་ཀྱིས
160a8 མངོན་པར་བསྔགས་པ་ལག་པའི་པད་མ་ཁ་སྦྱར་དུ་ནི་མེ་ཏོག་གཅིག་བྱིན་ཏེ། ། དང་པོར་ལན་གསུམ་བསྐོར་ཏེ་ལག་པའི་པད་མཁ་སྦྱར་གནས་པའི་མེ་ཏོག་དཀྱིལ་འཁོར་དུ་ནི་དོ།། གནས་གྲུར་གང་དུ་མེ་ཏོག་བཟང་པོ་ལྷུང་བ་དེ་ཉིད་དེ་ཡི
iiif viewer powered by OpenSeadragon
159b - 160b