e-texts navigator
Collection
Volume
Page
Wylie

158a1 ཀ་ལཱ་པ་ཡི་བསྐྱེད་མོས་ཚལ་གྱི་དུས་འཁོར་གྱི། ། དོན་ཆེན་གསེར་གྱི་ཁང་པའི་སྒོ་ཡི་ཕྱི་རོལ་ཐུབ་པ་ཉི་མའི་ཤིང་རྟས་དྲིས།། དཔལ་ལྡན་འཇམ་དབྱངས་རིན་ཆེན་སེང་གེའི་ཁྲི་ལ་བཞུགས་པ་སྟོབས་བཅུ་མངའ
158a2 བའི་མཛད་སྤྱོད་གསུངས། ། ། དཔལ་དུས་ཀྱི་འཁོར་ལོའི་ཆུང་ཕྱི་མ་ཆུད་ཀྱི་སྙིང་པོ་རྫོགས་སོ།། ། ཤཱཀྱའི་དགེ་སློང་དྷར་མ་གྲགས་ཀྱིས་བསྒྱུར་བའོ།། ། ཡེ་དྷརྨ་ཧེ་ཏུ་པྲ་བྷ་བཱ་ཧེ་ཤུ་དྷེཥྛནཱ་ཐཱ་ག་ཏོ་ཧྱ་དཿ། ཏེ་ཥཱཉྩ་ཡོ་ནི
158a3 དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ། ། ། རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲ་གརྦྷ་ནཱ་མ་ཏན་ཏྲ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བའི་རྒྱུད་ཀྱི་སྙིང་པོ།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཐམས་ཅད་མཁྱེན་པ
158a4 ཡེ་ཤེས་སྐུ། ། ཉིན་མོར་བྱེད་པའི་འོད་ལྟ་བུ།། པད་མའི་འདབ་མ་འདྲ་བའི་སྤྱན།། སངས་རྒྱས་སེང་གེའི་གདན་ལ་བཞུགས།། ལྷ་ཡི་མཆོག་གིས་ཕྱག་བྱས་པ།། སྤྱི་བོས་གཏུགས་དེ་ཕྱག་འཚལ་ལོ།། རྒྱལ་པོ་ཟླ་བ་བཟང་པོས་ཞུསཿ
158a5 ཡན་ལག་པད་མ་སྦྱར་བ་ནི། ། ཡན་ལག་མཆོག་ལ་བཞག་བྱས་ཏེ།། དུས་ཀྱི་འཁོར་ལོའི་སྦྱོར་བ་ནི།། རྩོད་པ་དག་གི་དུས་ཀྱི་ནི།། མི་རྣམས་གྲོལ་བའི་རྒྱུ་རུའོ།། སོ་སོར་སྡུད་པ་རྣམ་པ་བཅུ།། རྒྱལ་བ་ཡི་ནི་དབང་པོར་འགྱུར།།
158a6 དེ་བཞིན་བསམ་གཏན་མི་བསྐྱོད་པ།། སྲོག་དང་རྩོལ་བ་རལ་གྲི་ཅན།། སྲང་ལ་ཡང་ནི་རྣམ་པོ་བཅུ།། གཟུང་བ་རིན་ཆེན་ཕྱག་རྒྱ་ཅན།། གཡུང་མོ་རྗེས་སུ་དྲན་པ་ནི།། པད་མ་འཛིན་པ་རུ་ནི་འགྱུར།། དཔལ་གྱི་ཏིང་འཛིན་འཁོར་ལོ་ཅན
158a7 རེ་རེ་ཡང་ནི་ལྔ་རུ་དབྱེ། ། སླར་ལ་ཡང་ནི་གང་དབྱེ་བ།། ཨ་ལས་སོགས་དང་ཀ་ལས་སོགས།། སོ་སོར་སྡུད་པ་ཡུལ་དང་ནི།། ཡུལ་ཅན་རྣམ་པ་བཅུ་པོ་རྣམས།། ལུས་ལ་འཇུག་པ་མེད་པའོ།། ཤེས་རབ་རྟོག་དང་དཔྱོད་པའོ།།
158a8 དགའ་བ་མི་གཡོ་བདེ་བ་དང་།། བསམ་གཏན་སེམས་ནི་རྩེ་གཅིག་པའོ།། སྲོག་དང་རྩོལ་བ་གཉིས་ཀྱི་ལམ།། མི་འཁྲུག་པ་རུ་འགྱུར་བ་ནི།། དབུས་མར་སྲོག་ནི་འཇུག་པའོ།། ཐིག་ལེ་རུ་ནི་སྲོག་འཇུག་ཅིང་།། གཉིས་ཀ་འགྲོ་དང་འོ།




iiif viewer powered by OpenSeadragon

157b - 158b

Texts on this page

Q5 - dpal dus kyi 'khor lo'i rgyud phyi ma rgyud kyi snying po zhes bya ba
Q6 - dpal dus kyi 'khor lo zhes bya ba'i rgyud kyi snying po