e-texts navigator
Collection
Volume
Page
Wylie

4a1 རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།།
4a2 རྒྱ་གར་སྐད་དུ། ཨཱརྱ་ཀཉྩན་བ་ཏི་ན་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་བཅཝ
4a3 སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷས་མ་ལྟ་བུ
4a4 ན། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང
4a5 ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི
4a6 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཡུལ་ངོར་མཆིས་ཏེ་གཡུལ་འགྱེད་ན། ལྷ་མ་ཡིན་གྱི་སྒྱུ་དང་། རིག་སྔགས་རྣམས་དང་། གསང་སྔགས་དང་།
4a7 སྨན་དག་གིས་ཕམ་པར་གྱུར་ན། མཁྱེན་ལེགས་སམ། བཅོམ་ལྡན་འདས་བདག་ཅག་རྗེས་སུ་གཟུང་བ་དང་། བདག་ཅག་ལ་ཐུགས་བརྩེ་བ་དང་། ལྔ
4a8 མ་ཡིན་རྣམས་ཀྱི་སྒྱུ་དང་། རིག་སྔགས་དང་། གསང་སྔགས་དང་། སྨན་རབ་ཏུ་གཞོམ་པ་དང་། རབ་ཏུ་གཞིག་པའི་སླད་དུ་རྣམ་པར་རྒྱལ་བའི་གསང




iiif viewer powered by OpenSeadragon

3b - 4b

Texts on this page

Ng52.43 - 'phags pa las kyi sgrib pa thams cad rnam par sbyong ba zhes bya ba'i gzungs
Ng52.44 - 'phags pa gser can zhes bya ba'i gzungs