| e-texts navigator |
| Wylie |
4b1 གསུམ་སྤངས་པ།། སངས་རྒྱས་པད་མ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ།། བཀྲ་ཤིས་དེས་ནི་སྐྱེ་དགུའི་ཞི་བྱེད་དང་པོའོ།། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ
4b2 མི་གཡོ་བ།། འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ།། ཆོས་མཆོག་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤེས་གཉིས་པའོ།།
4b3 དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུགམི་དང་ལྔ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས།། ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་།
4b4 འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། ཆེ་བའི་ཚེ་མཆོག་སྟོན་མཆོག་བླ་ན་མེད།། ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས།། བགེགས་དང་བདུད་རིས།
4b5 གནོད་པའི་དགྲ་ཞི་སྟེ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད་དམ་ཆོས་བདུད་རྩིའི་བདེན་པའི་བྱིན་རླབས་ཀྱིས།།
4b6 ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ།། རྒྱལ་སྲས་ཕན་མཛད
4b7 བདེན་པའི་བྱིནི་རླབས་ཀྱིས།། ཉེས་པའི་སྐྱོན་ཞི་དགེ་ཚོགས་རྣམ་པར་འཕེལ།། རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག། ཚངས་དང་ལྷ་དབང་སྲུང་མའི་བྱིན
4b8 རླབས་ཀྱིས།། ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ།། བདེ་ལེགས་བསམ་པ་ཡིད་བཞིན་གྲུབ་པ་དང་།། ཚེ་རིང་ནད་མེད་བདེ་སྐྱེད་ལྡན་པར་ཤོག།