e-texts navigator
Collection
Volume
Page
Wylie

176a1 མེད་པ། འང། འཕགས་པ་སོལ་མའི་འཕྲེང་བ་སང་ཕན་པ་ཞེས་བྱ་བ་ཡིག་པ་ཆེན་པོའི་མདོ།། རྫོགས་སྷོ།
176a2 རྒྱ་གར་སྐད་དུ། ཨ་རཱ་བི་ནི་ས་ཙ་ཡ་ན་མ་དྷརྨ་པ་རྱ་ཡང་།། བོད་སྐད་དུ། དོད་དམ་པར
176a3 ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། ཤར་ཕྱོགས་ཀྱི་ཀུན་དགའར
176a4 བ་རི་རགས་འཛིནད་ཀྱི་མའི་ཁང་པ་ན། དགེ་སློང་སྟོང་ཉིས་བརྒྱལ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དངཔེ་། ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་ལྟར་ཟབ་ཅིང་སྙན་ལ་རྒྱ་ཆེ་བའི
176a5 ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སཿལད་པ།། དགེ་སློང་བདག་ཁྱོད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ།། ཐོག། མར་དགེ་བ། བར་དུ་དགེ་བ་ཐ་མར་དགེ་བ། དོན་བཟང་པོ། ཚིག
176a6 འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱས། དེ
176a7 ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ལུང་ཤིག་དང་བཤད་དོ།། དགེ་སློང་དག་གིས། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀལ་ས
176a8 ཏོ།། དགེ་སློང་དོད་ནམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། རྟེན་ཅིང་འབྲེས་པར་འབྱུང་བ་ཡན
176a9 ལག་བཅུ་གཉིས་པ་དང་། འཕགས་པའི་བདེན་པ་བཞི་དང་། དབང་པོ་ཉི་ཤུ་རྩ་གཉིས་དང་། བསམ་གཏན་བཞི་དང་། ཚངས་པའི་གནས་བཞི་དང་། ལམ་བཞི་དང་། ཏིང་ངེ་འཛིན་བསྒོམས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་།




iiif viewer powered by OpenSeadragon

175b - 176b

Texts on this page

Ng27.4 - don rnam par nges pa zhes bya ba'i chos kyi rnam grangs
Ng27.3 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo