| e-texts navigator |
| Wylie |
215b1 ཀ་ཀ་མཀར། ཀ་རར་ཞེས་བྱའོ།། ཅིག་འདི་དག་དང་། སྲུང་བ་ལག་ཏུ་བླངས་པས། མདོ་སྡེ་དང་། གསང་སྔགས་རྣམས་བསམས་ན་གང་བྱ་བར་འདོད་པ་དེ་ཐམས་ཅད་བྱེད་པར་འགྱུར་རོ།། བཅོམ་ལྡར་འདས་ཀྱི་མདོ་སྡེ།
215b2 དང་། རིག་སྔགས་འདི་དག་ཐམས་ཅད་ཀྱིས་ཆུ་འམ། སྐུད་པ་ལ་བཟླས་ན། གང་བྱེད་པར་མྱི་འགྱུར་བ་དེ་མྱེད་དེ། ལས་ཐམས་ཅད་གྲུབ་པར་འགྱུར་རོ།། ཇི་སྲིད་འཚོ་བའི་བར་དུ་བདག་དང་། གཞན་སྲུང་བའི་ཕྱིར། མདོ་སྡེ་འདི་བཟུང
215b3 བར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འབྱུང་པོ་གང་དག་འདིར་ནི་ལྤགས་གྱུར་ད་ཅིང་།། ས་དང་།
215b4 བར་སྣང་དག་ལ་འཁོད་པ་རྣམས།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་འགྱུར་ཅིག། མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེ་བྱ་བ།། རྫོགས་སྔོ
215b5 རྒྱ་གར་གི་མཁན་པོ་འཛིན་མྱི་ཏྲ་དང་། བྲད་ཉ་བར་མ་དང་། ཞུ་ཆེན་གི་ལོ་ཙ་བ་བན་དེ་ཡེ་ཤེས་ལས་སྩོགས་པས་བསྒྱུར་ཅིང་ཞུ་ས་ཏེ་གཏན་ལ་ཕབ་པ།
215b6 རྒྱ་གར་སྐད་དུ། ཨ་རྱ་མ་ས་མྦེ། ཀཱན་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ་འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང
215b7 འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་ཀྱིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ། གནས་བརྟན་འོད་སྲུང་ཆེན་པོ་ལ
215b8 སྩོགས་པ་དགེ་སློང་ས་ཡ་ཕྲག་དགུ་དང་། བརྒྱད་འབུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པ། དབང་དང་ལྡན་པར་གྱུར་ད་པ། ཉོན་མོངས་པ་མྱེད་པ། ཅང་ཤེས་པ། གླང་པོ་ཆེན་པོ
215b9 སེམས་ཤིན་ཏུ་རྣམ་པར་གྲོལ་བ།། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ།། བྱ་བ་བྱས་པ་བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ།། ཡང་དག་པའོ་ཤེས་པས་སེམས་རྣམ་པར་གྲོལ་བ། སྲིད་པར་ཀུན་ཏུ་སྦྱོར