e-texts navigator
Collection
Volume
Page
Wylie

167b1 བདག་ཡོད་པར་གྱུར་པ་དེ་ནི་ད་ལྟར་ང་ལ་མྱེད་དོ་ཞེས་ཟེར་བ་དེ་ལ་ཉེ་བར་ལེན་པ་ཡོད་པ་ཁོ་ནར་སྣང་སྟེ། དགེ་སློང་དེ་ཡང་རགས་པ། འདུས་བྱས་པ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་འདུ་བྱེད་རྣམས་ཡོད་ན།
167b2 འདུ་བྱེད་རྣམས་ཀྱི་འགོག་པ་ཡང་ཡོད་པ།། དེ་བཞིན་གཤེགས་པས་དེ་ཡོད་པར་ཐུགས་སུ་ཆུད་ནས།། དེ་ལས་ཕྱིར་ལྡོག་ཅིང་དེ་ལ་ཞི་བར་གཟིགས། ངེས་པར་འབྱུང་བར་གཟིགས་ཤིང་བཞུགས་ཏེ། དགེ་སློང་དག་ཚེ་འདི་ཉིད
167b3 ལ་མྱ་ངན་ལས་འདས་པར་སྨྲ་བ་དག། ཚེ་འདི་ཉིད་ལ་མྱ་ངན་ལས་འདའ་བར་མངོན་པར་བརྗོད་བྱེད་པ་ནི་དེ་སྙེད་ཡོད་དེ།། དགེ་སློང་དག་གཞན་ཡང་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།། བླ་ན་མྱེད་པ་ངས་རང་གི་མངོན་པར་ཤེས་པས
167b4 མངོན་པར་རྫོགས་པར་སངས་རྒྱས་ཏེ། བཤད་པ་གོ་འཕང་དམ་པ་གཞན་ཡང་ཡོད་དོ།། དགེ་སློང་དག་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བའི་བླ་ན་མྱེད་པ་དུས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ཏེ།
167b5 བཤད་པ་གོ་འཕང་དག་པ་གཞན་གང་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། ཟག་པ་རྣམས་ཟད་པས། ཟག་པ་མྱེད་ཅིང་མངོན་པར་འདུས་མ། བྱས་པའི་རྣམ་པར་གྲོལ་བ་སྟེ། དགེ་སློང་དེ་ནི་སྐྱེས་བུ་འདུལ་བའི།
167b6 ཁ་ལོ་སྒྱུར་བ། བླ་ན་མྱེད་པ། ངས་རང་གི་མངོན་པར་ཤེས་པས་མདོ་ན་པར་རྫོགས་པར་སངས་རྒྱས་ཏེ། བཤད་པ་གོ་འཕང་དམ་པ་ཡི་ན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས
167b7 དགེ་སློང་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོང་དོ།། བར་སྡོམ་ནི་འདུ་ཤེས་པ་དང་གཟུགས་ཅན་དང་།། ཆད་དང་རྟག་པར་ལྟ་བ་དང་། གྲིབ་དང་ཆུ་དང་ཁར་བ་དང་། སྐྱེས་བུ་འདུལ་བྱ་བ
167b8 མ་ཡིན། མདོ་ཆེན་པོ་ལྔ་གསུམ་ཞེས་བྱ་བ།། རྫོགས་སྷོ།། ། རྒྱ་གར་གི་མཁན་པོ་འཛིན་མྱི་ཏྲ་དང་། པྲད་ཉ་བར་མ་དང་། ཞུ་ཆེན་གི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལས་སྩོགས་པས་བསྒྱུར་ཅིང་ཞུས
167b9 ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། མཱ་ཡཱ་ཛྭ་ལན་ནཱ་མཱ་མ་ཧཱ་སུ་ཏྲམ། བོད་སྐད་དུ། མདོ་ཆེན་པོ་སྒྱུ་མའི་དྲ་བ་ཞེས་བྱ་བ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ




iiif viewer powered by OpenSeadragon

167a - 168a

Texts on this page

Ng26.5 - mdo chen po lnga gsum pa zhes bya ba
Ng26.6 - mdo chen po sgyu ma'i dra ba zhes bya ba